中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་གྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་གི་གྲོས་ཚོགས་ཚོགས་པ།
དུས་ཚོད།2022-06-22 15:15:47     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
དཔའ་ངར་ཆེར་བསྐྱེད་ཀྱི་ངར་ཤུགས་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་གྱིས་སློབ་བསྡུར་སྙེག་བརྒལ་ཁྲོད་བརྗིད་ཉམས་ཆེན་པོས་མདུན་སྐྱོད་བྱ་དགོས།
ཀན་ལྷོ་ཁུལ་གྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་གི་སྐུལ་འདེད་གྲོས་ཚོགས་ཚོགས་པ།
ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། དབྱང་ཝུའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
\
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 15ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་གི་སྐུལ་འདེད་གྲོས་ཚོགས་ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་གྱི“ཀན་ལྷོའི་ཞིང་སྡེ་དར་རྒྱས་འཆད་ཁྲིད་ཁང”དུ་ཚོགས། གྲོས་ཚོགས་སུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱི་ཧུང་། ཧྲིན་ཀྲང་རེན་ཀྲེན་ཧོ་བཅས་ཀྱིས་ཀན་ལྷོར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་མཛུབ་སྟོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། རྫོང་དང་གྲོང་ཁྱེར་སོ་སོའི་གཙོ་གནད་བྱ་བར་སྐུལ་འདེད་བཏང་ཚུལ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྩིས་བཤེར་བྱས་ནས། ལྟ་སྦྱོང་གི་མྱོང་ཚོར་སྤེལ་རེས་དང་གནད་དོན་འཚོལ་བཤེར། མི་འདང་ས་དབྱེ་ཞིབ། བསམ་བློ་སྔར་བས་གཅིག་གྱུར་དང་ཁ་ཕྱོགས་ཁ་གསལ་ཡོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངར་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱ་རྒྱུར་སྐུལ་སློང་དང་། ནུས་ལྡན་གྱི་བྱ་ཐབས་དང་དཔའ་ངར་ཆེར་བསྐྱེད་ཀྱི་ངར་ཤུགས། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་གྱིས་གཙོ་གནད་བྱ་བ་དོན་འཁྱོལ་དང་རིམ་སྤོར་ལ་མགྱོགས་པོར་སྐུལ་འདེད་བཏང་སྟེ། ལོ་སྟོད་ཀྱི་དུས་ཚོད་དང་ལས་འགན་ཁག“གཉིས་ཀ་ཕྱེད་ཀ་ལས་བརྒལ་བ”མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་།
\
       ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
\
      ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
      ཁུལ་གྱི་འགོ་ཁྲིད་པ་ཙུའོ་ལུང་དང་ལུའི་ཀྲེ་ཅུན། ལིའང་ཝུའེ་ཅི། མ་ཡུས་བཅས་གྲོས་ཚོགས་སུ་ཞུགས།
      ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་ལྟ་སྦྱོང་བྱ་འགུལ་ནི་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བས་བཏོན་པའི“ལྟེ་གཅིག་རྒྱུད་གསུམ”ས་ཁོངས་འཕེལ་རྒྱས་གཏོང་བའི་གནས་བབ་བསྐྲུན་པ་དང་། “སྟོབས་ལྡན་བཞི”ཡི་བྱ་སྤྱོད་ལག་བསྟར་བྱེད་པ་ཡིན་ལ། ཕྱོགས་ཡོངས་ནས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་གཏན་འཁེལ་བྱས་པའི“གནོད་མེད་ལྔའི་ཀན་ལྷོ”བསྐྲུན་པ་དང“བཅུ་ཡོད་གཞིས་ཁྱིམ”བཏོད་དེ་མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་འབད་འཐབ་དམིགས་ཚད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཡིན་ཞིང་། ཕྱོགས་ཡོངས་ནས་གྲུབ་འབྲས་འགྲེམས་སྟོན་དང་ཡིད་ཆེས་འཕེལ་བར་བྱེད་པའི་གྲོས་ཚོགས་ཤིག་ཡིན་ལ། ཧེ་བག་འཚོལ་ཞིབ་དང་མཐོར་འདེགས་ལ་སྐུལ་འདེད་གཏོང་བའི་སྐུལ་འདེད་གྲོས་ཚོགས་ཤིག་ཀྱང་ཡིན། བྱ་བ་ལེགས་སྒྲུབ་བྱས་ཚུལ་ལ་ཕྱོགས་བསྡུས་ཀྱིས་གདེང་འཇོག་བྱས་པ་ཞིག་ཡིན་ལ། བྱ་བའི་བསམ་ཕྱོགས་རྒྱ་བསྐྱེད་པའི་སློབ་སྦྱོང་ལྟ་སྦྱོང་ཞིག་ཀྱང་ཡིན། འཕེལ་རྒྱས་དུས་རིམ་གྱི་དགོས་མཁོ་དང་ཕན་འབྲས་དངོས་ཀྱི་རྟོགས་པ། ཕྱོགས་གང་ཅིའི་ཐད་ཀྱི་རེ་སྒུག འོས་འགན་བཀའ་རྒྱའི་འབྲེལ་ཐག་བཅས་ཡིན། ལམ་བར་ནས་ལེགས་ཆ་མང་བོ་མཐོང་ཞིང་ཕན་འབྲས་མང་བོ་ཐོབ་པ་དང་། ཚད་བརྒལ་དང་འགྱུར་ལྡོག་མཐོང་བས་ཚང་མས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། བྱ་བའི་བསམ་ཕྱོགས་གསར་གཏོད། ཆོས་ཉིད་དང་བྱ་ཐབས་ཕྱོགས་སྡོམ་བཅས་བྱས་ནས་བྱ་བ་སོ་སོ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན།
     ཡུས་ཁྲིན་ཧུའེ་ཡིས་དུས་བབ་ནི་གནད་ཁེལ་ཇུས་འདོན་གྱི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ཡིན་པས་ངེས་པར་དུ་ངོས་འཛིན་གཏིང་ཟབ་དང་ཁོང་ཆུད་ཡང་དག་བྱ་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀན་སུའུ་ཡི་མཛུབ་སྟོན་གལ་ཆེན་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོས་སྣེ་ཁྲིད་དེ། སྤུས་དག་གི་འདུ་ཤེས་འཛིན་པ་དང་ཁྱད་དུ་འཕགས་པའི་ཚད་གཞི་རྒྱུན་འཁྱོངས། གྲུབ་འབྲས་རྩེར་སོན་འཐོབ་པར་བརྩོན་ལེན། ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་འཛིན་པ། “ཐཱན་གཉིས”ལ་སྐུལ་འདེད་གཏོང་བ་དེ་འཐེན་ཤུགས་སུ་བརྩིས་ནས། རི་ཆུ་ནགས་གསུམ་དང་ཞིང་དང་མཚེའུ། རྩྭ་དང་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་མ་ལག་ལྡན་པར་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱེད་པར་བརྟེན་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི་བཅས་ནན་སྲུང་བྱས་ཏེ། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོར་འདེགས་གཏོང་བ། གཙོ་གནད་ནི“སྲུང་སྐྱོབ་ཆེན་པོ”དང“བཅོས་སྐྱོང་ཆེན་པོ”ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུ་འདོན་པ་དང་། “གཏན་འཇགས་སྲུང་སྐྱོང”དང“གཙོ་ཐིག”ཟུང་འབྲེལ་བྱས་ནས་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་པ། “བརྟན་པོའི་ངང་འཕར་བ”དང“སྤུས་ཚད་དང་ཕན་འབྲས་མཐོར་འདེགས”ཟུང་འབྲེལ་བྱས་ནས་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་པ། “ཐོན་ལས་ལེགས་པོ”དང“འབབ་འཕར་ལ་སྐུལ་འདེད་གཏོང་བ”ཟུང་འབྲེལ་བྱས་ནས་ནུས་ཤུགས་གང་ཡོད་ཀྱིས་ཤུགས་སྣོན་པ། “ཕྱོགས་ཡོངས་ནས་དམ་འཛིན”དང“ཞན་ཆར་དམ་འཛིན་བྱེད་པ”ཟུང་འབྲེལ་བྱས་ནས་ནུས་ཤུགས་གང་ཡོད་ཀྱིས“བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ”དང“སྒོ་དབྱེ་རྒྱ་ཆེར་གཏོང་བ”ཟུང་འབྲེལ་བྱས་ཏེ། ཆེས་མཛེས་པའི་ཀན་ལྷོ་དེ་ཀན་སུའུ་དང་ཀྲུང་གོའི་མིང་བྱང་ལྟ་བུར་འགྱུར་བ་བྱ་དགོས་ཞེས་ནན་གྱིས་བསྟན། 
      ཡུས་ཁྲིན་ཧུའེ་ཡིས་ལས་བྱེད་པ་ནི་བྱ་བཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ངེས་པར་དུ་ངར་ཤུགས་བཏོན་ཞིང་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་དང་། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་དེ་ཏང་འཛུགས་སྐྱོང་བྱེད་པའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། སྔར་ལས་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱས་ནས་ཤེས་སུ་འཇུག་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པ་དང་། མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མཐོར་འདེགས་སུ་བཏང་ནས། བློ་དཀར་སེམས་དཀར་གྱིས“གཏན་ཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱ་དགོས་པ་དང་། ཧུར་ཐག་གིས་ཏང་གི་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ལེགས་ཤིང་བདེན་རྫུན་གསལ་འབྱེད་བྱེད་ཐུབ་པ་བྱ་དགོས། ཁྱད་པར་དུ་ལངས་ཕྱོགས་གསལ་ལ་རིག་པ་དྭངས་གསལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་ཐུབ་པ། བྱ་སྤྱོད་ལེགས་ལ་བློ་རྩ་བརྟན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་དང་བརྩེ་དུང་ངོ་མ་ཡོད་པའི་ལྷག་བསམ་རྣམ་དག་གི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང“སྙིང་རུས་བབ་ཆགས། དཀའ་སྤྱད་འབད་བརྩོན། སྙིང་རུས་ཆེན་པོ། ལན་བརྒྱར་ཕམ་ཡང་ཞུམ་པ་མེད་པའི”ཀན་སུའུ་ཡི་གཤིས་རྒྱུད་ལ་བརྟེན་ནས་རང་འགུལ་ངང“གཞན་གྱིས་གཅིག་བྱས་ན་ངས་བཅུ་བྱེད་པ་དང་། གཞན་གྱིས་བཅུ་བྱས་ན་ངས་བརྒྱ་བྱེད་པའི”ཀན་སུའུ་ཡི་སྙིང་སྟོབས་ལག་བསྟར་བྱ་དགོས། “དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། དབྱང་རླུང་ཉམས་རུང་སྙིང་སྟོབས་མི་ཉམས་པ། ས་བབ་མཐོ་ན་བློ་རྒྱ་མཐོ་བའི”དུས་རབས་གསར་བའི་ཀན་ལྷོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། སྙིང་སྟོབས་ཆེར་བསྐྱེད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་འབད་བརྩོན་དང་ ཞུམ་མེད་མདུན་སྐྱོད་ཀྱིས“གནོད་མེད་ལྔ་ཡི”ཀན་ལྷོ་འཛུགས་བསྐྲུན་དང“བཅུ་ཡོད་གཞིས་ཁྱིམ”གསར་འཛུགས་བྱས་ནས་། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་ཞུ་དགོས།
      དབྱང་ཝུའུ་ཡིས་ཐེངས་འདིའི་ལྟ་སྦྱོང་བྱ་འགུལ་གྱི་བཀོད་པའི་ཚད་མཐོ་ལ་དཔྱད་བརྗོད་ཀྱི་གཏིང་ཟབ་པ། སློབ་བསྡུར་སྙེག་བརྒལ་གྱི་ཤུགས་དྲག་པ། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་བསམ་ཚུལ་བཏོན་ཞིང་། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་དུ། ཁོང་གིས་སྔར་ལས་ལྷག་པར་དུ་ཁུལ་ཡོངས་ཀྱི་མ་དངུལ་འཇོག་པའི་རྣམ་གྲངས་དང་ཐོན་ལས་འཕེལ་རྒྱས་སོགས་བྱ་བར་སྐུལ་འདེད་གཏོང་ཆེད། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་ཐོག་ཏུ་ཤུགས་བརྒྱབ་ནས། སྔར་ལས་ལྷག་པར་དུ་རྣམ་གྲངས་བྱ་བ་དམ་འཛིན་དང་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཆུ་བེད་སྒྲིག་ཆས། གནས་སྤོ་ཡུལ་མི། ཞིང་སྡེ་དར་རྒྱས། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན། ནུས་ཁུངས་གསར་བ་སོགས་བྱ་བ་གཙོ་བོ་ལ་དམིགས་ནས། རྨང་གཞི་བརྟན་ལ་གཏིང་ཤུགས་སྣོན་པ་དང་། འགུལ་ནུས་འཕར་བའི་ལས་གཞི་ཁག་ཅིག་ལག་བསྟར་བྱ་དགོས་པ་དང་། བྱ་བ་གཙོ་བོ་འཆར་འགོད་བྱེད་པའི་སྟེང་དུ་ཤུགས་བརྒྱབ་ནས། ལས་གཞི་འཆར་འགོད་བྱ་རྒྱུ་གལ་ཆེའི་ནང་གི་དོན་ཆེན་དུ་བརྩིས་ནས། རྒྱལ་ཁབ་ཀྱི་མ་དངུལ་འཇོག་པའི་རྒྱབ་སྐྱོར་སྲིད་ཇུས་སྣ་ཚོགས་བཀོལ་སྤྱོད་ཡག་པོ་བྱ་དགོས་པ་དང་། ལས་གཞིའི་འཛུགས་སྐྲུན་མགྱོགས་མྱུར་གཏོང་བའི་ཐོག་ཏུ་ཤུགས་བརྒྱབ་ནས། ལས་གཞི་གལ་ཆེན་དང་གཙོ་གནད་ལས་གཞི། དུས་འགོའི་ལས་གཞི་བཅས་ཀྱི“ཞིབ་ཐོ་གསུམ”ལ་དམ་དུ་དམིགས་ནས། རིམ་པ་དབྱེ་ནས་ལས་འགན་གཙང་ལེན་དང་དེང་ཕྱིན་གྱི་ཟླ་བ་བཞི་ཡི་ཨར་ལས་དུས་ཚོད་བཀོལ་སྤྱོད་ཡག་པ་བྱས་ཏེ། བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་འོག  ཕྱོགས་ཡོངས་ནས་ལས་གྲྭའི་འཆར་གཞི་ལེགས་གྲུབ་ཡོང་དགོས་པ་དང་། ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་དུ་ཤུགས་བརྒྱབ་ནས། རྫོང་དང་གྲོང་ཁྱེར་ལ་སྣེ་ཁྲིད་དེ་ཐོན་ལས་སྐས་རིམ་ཅན་དང་གནས་འཛོལ་ཅན་གྱིས་འཕེལ་རྒྱས་གཏོང་བའི་བཀོད་པ་ཡག་པོ་བསྒྲུབས་ནས། ཞིབ་ལས་ཅན་དང་ཚོང་རྟགས་ཅན། ཚོང་ར་ཅན་གྱི་ཕྱོགས་ལ་བསམ་བློ་མང་བོ་གཏོང་བ་དང་། བྱེད་ཐབས་མང་བོ་བཏོན་ནས། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་དགོས་པ་དང་། བྱ་བ་དོན་འཁྱོལ་བྱེད་པའི་ཐད་དུ་ཤུགས་བརྒྱབ་ནས། ཐེངས་འདིའི་ཡུལ་དངོས་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུའི་གོ་སྐབས་དང་བསྟུན། རྫོང་དང་གྲོང་ཁྱེར། ཤང་གྲོང་གི་གཙོ་གནད་ལས་འགན་དང་བྱ་བའི་འཕེལ་རིམ། དཀའ་གནད་སོགས་ལ་ཟུང་འབྲེལ་བྱས་ཏེ། གཙོ་གནད་བྱ་བའི་ལས་འགན་གྱི་གསལ་ཐོ་ལེགས་སྒྲིག་དང་། “དཀའ་སྤྱད་ལྷོད་མེད”ཀྱི་ངར་ཤུགས་ལ་བརྟེན་ནས་རིམ་པ་བཞིན་དུ་དོན་འཁྱོལ་དང་རེ་རེ་བཞིན་དུ་དམ་འཛིན་བྱས་ནས་སྐུལ་འདེད་བཏང་སྟེ། ཁུལ་ཨུ་དང་ཁུལ་སྲིད་གཞིང་གིས་གཏན་ཁེལ་བྱས་པའི་གཙོ་གནད་བྱ་བ་ཚང་མ་བདེ་བླག་ངང་ལེགས་གྲུབ་ཡོང་བ་ཁེག་ཐག་བྱས་ཏེ། ས་སྲུང་འགན་ནུས་དང་ས་སྲུང་འགན་ཁུར། ས་སྲུང་འགན་སྒྲུབ་བྱ་དགོས་པའི་བླང་བྱ་བཏོན།
      ཁུལ་ཨུའི་ཚན་ཁག་བཞི་ཡི་འགོ་ཁྲིད་དང་། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཁུལ་གཏོགས་སྡེ་ཚན་ཁ་ཤས་ཀྱི་འགན་ཁུར་བ་དང་རྫོང་དང་གྲོང་ཁྱེར་སོ་སོའི་ཏང་སྲིད་འགན་ཁུར་བ་གཙོ་བོ་དང་། ལས་བགོས་འགན་ཁུར་བ། རྫོང་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་དང་། ཤང་གྲོང(སྲང་ལམ་དོན་གཅོད་ཁང)གི་ཏང་ཨུའི་ཧྲུའུ་ཅི་དང་ཤང་གྲོང་གི་འགོ་གཙོ་བཅས་མི 300ལྷག་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།