中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་གྲོས་ཚོགས་བསྡུས།
དུས་ཚོད།2022-06-22 15:21:17     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི(རྒྱ་སྐྱེད)གྲོས་ཚོགས་བསྡུས་པ།\
\     ཟླ 6པའི་ཚེས 16ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ“ཀན་ལྷོའི་ཞིང་སྡེ་དར་རྒྱས་གཏོང་བའི་འཆད་ཁྲིད་ཁང”དུ་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི(རྒྱ་སྐྱེད)གྲོས་ཚོགས་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་གྱི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་གྲོས་ཚོགས་བསྡུས།
    གྲོས་ཚོགས་སུ། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་ཀྲུང་གུང་ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད དང ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་ཀྲུང་གུང་ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
     ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞུའེ་ཧྥུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་མེ་བཅས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམིགས་ནས་གཏམ་བཤད་སྤེལ་རེས་བྱས།
     ཡུས་ཁྲིན་ཧུའེ་ཡིས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་ཁོང་ཆུད་ཡང་དག་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བར་བསུ་མ་ཞུ་བའི་ལོ་རྒྱུས་ཀྱི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་རེད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོས་རང་ཞིང་གི་འབྱུང་འགྱུར་ལོ་ལྔའི་བྱ་བ་སྤྱིའི་བཀོད་སྒྲིག་ཁྲོད་གཙོ་གནད་ཁ་གསལ་དང་འབད་འཐབ་ཧུར་ཐག་བྱ་དགོས་ཞེས་ནན་གྱིས་བསྟན།\
    ཁུལ་གྱི་འགོ་ཁྲིད་པ་ཙུའོ་ལུང་དང་ཝང་ཅན་ཅུན། ལུའི་ཀྲི་ཅུན། ལིའང་ཝེ་ཅི། དབྱང་ཀྲིན་ལིན། མ་ཡུས། དེ་མིན་ཁུལ་ཚན་ཁག་ཆེན་པོ་བཞིའི་ལས་ཁུངས་སུ་སྡོད་པའི་འགོ་ཁྲིད་པ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགོ་གཙོ་གཉིས། ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་དང་ཁུལ་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གཙོ་བོ། རྫོང་སོ་སོ་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། རྫོང་དང་གྲོང་ཁྱེར་གྱི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ། ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་པ་བཅས་ཁྱོན་མི 300ལྷག་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།