中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། མཐོ་སྒང་གི་ནོར་ནག -རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ནོར་བུ།
དུས་ཚོད།2022-06-22 15:26:39     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     ཉེ་བའི་ལོ་ཤས་ནང་དུ། རང་ཁུལ་གྱིས་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་དང་། རྐང་འཛིན་ཁེ་ལས་ལ་རྒྱབ་སྐྱོར་དང་རྒྱ་སྐྱེད་དུ་བཏང་ནས། ཀན་ལྷོའི་མིང་རྟགས་ཅན་གྱི་ཐོན་ལས་གཙིགས་སུ་བཟུང་ཞིང་། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་བཏང་། ཁྱད་ལྡན་ནོར་ནག་གི་ཐོན་ལས་ནི་ཞིང་ཕྱུགས་ཐོན་ལས་མང་ཆེ་བའི་ཁྲོད་ཀྱི་ཡོང་འབབ་ཆེས་མཐོ་བའི་ཐོན་ལས་སུ་གྱུར་པ་མ་ཟད། སྣེ་ཁྲིད་པའི་ཁྱད་ནུས་ཡང་འདོན་སྤེལ་གང་ལེགས་བྱས་ཡོད་པས། རོང་འབྲོག་སྡེ་བའི་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི 42%ཡན་ཟིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་མཚོ་བོད་མཐོ་སྒང་དུ་བསྡོམས་པས་ནོར་ནག་ཁྲི 1600 ལྷག་ཡོད་པ་དང་དེའི་ཁྲོད་དུ་རང་ཁུལ་གྱི་མངའ་ཁོངས་སུ་ནོར་ནག་ཁྲི 120 ལྷག་ཡོད་པས། ཕལ་ཆེར་མཚོ་བོད་མཐོ་སྒང་གི་ནོར་ནག་གི་སྤྱི་གྲངས་ཀྱི 7.5%ཟིན་ཡོད།
    རང་ཁུལ་ནི་རྒྱལ་ཡོངས་ཀྱི “ལྗང་མདོག་བང་མཛོད་ཆེན་པོ་དྲུག”གི་ཡ་གྱལ་དང“འབྲོག་ཁུལ་ཆེན་པོ་ལྔའི”ནང་གི་གཅིག་ཡིན་པས། 2017ལོར“ཀྲུང་གོའི་ནོར་ནག་གི་ཕ་སའི”མཚན་སྙན་ཐོབ། རང་ཁུལ་གྱི་ནོར་ནག་ནི་མཚོ་བོད་མཐོ་སྒང་གི་ཟོག་རིགས་དམིགས་བསལ་ཅན་ཞིག་དང་། མཚོ་ངོས་ལས་མཐོ་ཚད་སྨི 3000ཡན་གྱི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་སྐྱེ་ཁམས་ཁོར་ཡུག་ཏུ་འཚོ་གནས་བྱས་ཡོད་པས། ཆེས་རྩ་ཆེ་ཞིང་ལྗང་མདོག་ལྡན་པའི་རང་བྱུང་གི་ཟས་མཆོག་ཞིག་ཡིན། ཉེ་བའི་ལོ་ཤས་ནང་དུ། རང་ཁུལ་གྱིས་ཚན་རིག་གི་གསོ་སྤེལ་དང་ཐོན་ལས་འབྲེལ་ཐག་གསར་སྐྲུན་བྱས་པས། རང་ཁུལ་གྱི་མཐོ་སྒང་གི་ནོར་ནག་དེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ནོར་བུར་གྱུར།
    ནོར་ནག་ནི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ནམ་གཤིས་འོག་འཚོ་གནས་བྱེད་ཐུབ་པའི་སྲོག་ཆགས་ཤིག་ཡིན་པ་མ་ཟད། མཚོ་བོད་མཐོ་སྒང་དུ་དམིགས་བསལ་དུ་འཚོ་གནས་བྱེད་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པས། འབྲོག་པ་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་ནོར་བུ་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།
    ནོར་ནག་གི་ཐོན་ལས་དེ་རང་ཁུལ་གྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་གལ་ཆེན་ཞིག་ཡིན་པ་དང་། ནོར་ནག་ཐོན་ལས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད། རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་གྲུབ་འབྲས་སྲ་བརྟན་གཏོང་དཀའ་བ་དང་གོ་གནས་རིམ་སྤར་བྱེད་དཀའ་བ། ཚོང་རྟགས་གསར་བཟོ་བྱེད་དཀའ་བ་བཅས་ཀྱི་གནད་དོན་མང་བོ་ཐག་གཅོད་བྱས་ཏེ། ཞིང་སྡེ་དར་རྒྱས་དང་ལྗང་མདོག་འཕེལ་རྒྱས་བྱ་བར་སྐུལ་འདེད་བཏང་།
    འབྲི་ཡི་འོ་མ་ནི་ཀལ་འདུས་ཚད་ཆེས་མཐོ་བའི་བཅུད་ལྡན་ཟས་མཆོག་ཅིག་ཡིན། དུས་རྒྱུན་དུ་འབྲི་འོ་འཐུང་ན་རུས་པ་དང་སོའི་མཁྲེགས་ཚད་ཇེ་བཟང་དུ་གཏོང་ཐུབ་པ་མ་ཟད། མིའི་ལུས་ཕུང་གི་ཉིན་རེའི་ཀལ་གྱི་དགོས་མཁོ་སྐོང་ཐུབ། མར་ནི་འབྲི་འོ་ཡི་ནང་ནས་ཐོན་པའི་ཚིལ་སྣ་ཞིག་ཡིན་ལ། ཁ་དོག་སེར་ལ་བྲོ་བ་ཞིམ་པ། གློ་བ་དང་རྒྱུ་མའི་འཇམ་འདྲེད་ལ་ཕན་ནུས་ངེས་ཅན་ལྡན་ཞིང་། ཕོ་བའི་འཇུ་བྱེད་ལའང་སྐུལ་འདེད་གཏོང་ཐུབ་པ་མ་ཟད། དྲན་ཤེས་ཇེ་བཟང་དུ་གཏོང་ཐུབ་པ་བཅས་ཀྱི་ཕན་ནུས་མང་བོ་ལྡན་པའི་བཅུད་ལྡན་ཟས་རིགས་ཞིག་ཡིན། ཕྱུར་ར་ནི་འོ་མ་དཀྲུག་ནས་མར་བླངས་རྗེས་ཀྱི་ད་ར་བསྐོལ་ནས་ཕྱུར་བར་གྱུར་པ་ཡིན་པས། ཕྱུར་རའང་ཟས་རིགས་ཤིག་ཡིན་པ་མ་ཟད། སྨན་བཅོས་དང་མཛེས་བཟོ་བཅས་སུ་བཀོལ་སྤྱོད་རིན་ཐང་ཆེས་ཆེན་པོ་ལྡན་པ་ཞིག་ཡིན་པས། འབྲོག་པ་མང་ཚོགས་ཀྱིས་འབྲི་ཡི་འོ་མ་དང་མར་ཕྱུར་ར་ལ་བརྟེན་ནས། དབུལ་ཕོངས་ལས་ཐར་ཏེ་འབྱོར་འབྲིང་གི་འཚོ་བའང་རོལ་གྱི་ཡོད།
    རང་ཁུལ་གྱིས་ཧུར་ཐག་གིས་དགེ་མཚན་ལྡན་པའི་ཐོན་ཁུངས་སྔོག་འདོན་དང་། འབྲི་འོ་ཡི་ཐོན་ལས་གོང་འཕེལ་གཏོང་བའི་གོམས་སྟབས་ཇེ་མགྱོགས་སུ་བཏང་ནས། ཀན་ལྷོའི“ཀྲུང་གོའི་ནོར་ནག་གི་ཕ་ས”ཞེས་པའི་ཚོང་རྟགས་གསར་སྐྲུན་བྱས་ཏེ། འབྲེལ་ཡོད་ཐོན་རྫས་ཀྱི་སྙན་གྲགས་ཕྱོགས་བཞིར་ཁྱབ་ནས། རང་ཁུལ་གྱི་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ལོ་རེ་ནས་ལོ་རེར་ཇེ་མཐོར་འགྲོ་བཞིན་ཡོད།
    ཤེས་གསལ་ལྟར་ན། རང་ཁུལ་གྱིས་ནོར་ནག་ཐོན་ལས་དེ“གནོད་མེད་ལྔ་ཡི་ཀན་ལྷོ”འཛུགས་སྐྲུན་དང“བཅུ་ཡོད་གཞིས་ཁྱིམ”གསར་འཛུགས། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འགག་རྩ་དང་མ་དཔེ་རུ་བརྩིས་ནས། ཀན་ལྷོའི་ནོར་ནག་གི་ས་བབ་ཚོང་རྟགས་དང“ཀྲུང་གོའི་ནོར་ནག་གི་ཕ་ས”ཞེས་པའི་ཚོང་རྟགས་ལ་བརྟེན་ཞིང་། ལྗང་མདོག་ཅན་དང་སྐྱེ་ལྡན་ཅན། སྦགས་བཙོག་མེད་པའི་ཁྱད་གཤིས་མངོན་པར་བྱེད་པ་དང་། ས་བབ་ཀྱི་དགེ་མཚན་བཏོན་ནས། ནོར་ནག་ཐོན་ལས་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བའི་འཆར་གཞི་དང་སྐྱེ་ཁམས་གསོ་སྤེལ། ཉོ་སྒྲུབ་ལས་སྣོན། ཐོན་རྫས་ཞིབ་འཇུག་གསར་སྤེལ། ཚོང་ར་རྒྱ་སྐྱེད། ཐོན་ལས་ཚོང་འགུག་སོགས་འབྲེལ་ཐག་འགག་སྒྲོལ་བྱ་སྤྱོད་ལག་བསྟར་བྱ་རྩིས་ཡོད།
    རང་ཁུལ་གྱི་ནོར་ནག་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནི་ཀན་ལྷོའི་ཕྱུགས་ལས་དེ་ཐོན་རྫས་ནས་ཚོང་རྫས་སུ་གྱུར་པ་དང་། རྩྭ་ཐང་ནས་ཚོང་ར་རུ་ཐོན་པ། སྲོལ་རྒྱུན་གྱི་བཟའ་ཆས་ནས་དེང་རབས་ཅན་གྱི་ཟས་མཆོག་ཏུ་གྱུར་པའི་དུས་ཡུན་རིང་བོའི་འཚོལ་ཞིབ་ཀྱི་ཁྲོད་ནས་གྲུབ་པས། རང་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་ནོར་ནག་གི་ཐོན་ལས་ཀྱི་ཐབས་ལམ་གསར་བ་དེ་ལ་བརྟེན་ནས་འབྱོར་འབྲིང་གི་འཚོ་བ་རོལ་བར་རེ་བས་ཁེངས་ཡོད།།
(གསར་འགོད་པ་དཔལ་མོས།)
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།