中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།དབྱང་ཝུའུ་ཡིས་གཙོ་འགན་ཁུར་ནས་ཀན་ལྷོ་ཁུལ་ནུས་ཁུངས་གསར་བའི་ཐོན་ལས་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།
དུས་ཚོད།2022-09-21 11:18:44     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9བའི་ཚེས 16ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་གཙོ་འགན་ཁུར་ནས་ཁུལ་ཡོངས་ཀྱི་ནུས་ཁུངས་གསར་བའི་ཐོན་ལས་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི 2022ལོའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ནན་ཏན་གྱིས་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་རླུང་དང་འོད་གློག་གི་ལས་གཞི་འཛུགས་སྐྲུན་གྱི་དམིགས་ཚད་འོག་རིམ་ལ་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཤིང་། ཀན་ལྷོ་ཁུལ་གྱི་ནུས་ཁུངས་གསར་བའི་གཞི་ས་འཛུགས་སྐྲུན་གྱི་བྱ་བ་བཀོད་སྒྲིག་བྱས་པ་དང་། འོད་ཤུགས་ལས་གཞིའི་དུས་འགོའི་བྱ་བའི་འཆར་གཞི་དང་དེ་མིན་ཆུ་འཐེན་ནུས་གསོག་སྒྲིག་སྲོལ་དུ་འཇུག་པ་དང་སྒྲིག་སྲོལ་སྙོམས་སྒྲིག་གི་འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས།
     གྲོས་ཚོགས་སུ་ཀན་ལྷོ་ཁུལ་ནུས་ཁུངས་གསར་བའི་གཞི་ས་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞིར་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། 2022ལོའི་འོད་ཤུགས་ལས་གཞི་སྤེལ་བའི་དུས་འགོའི་བྱ་བའི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཆུ་འཐེན་ནུས་གསོག་གློག་ཁང་ལས་གཞི་སྒྲིག་སྲོལ་དུ་འཇུག་པ་དང་སྒྲིག་སྲོལ་སྙོམས་སྒྲིག་གི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
    དབྱང་ཝུའུ་ཡིས་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ལག་ལེན་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་དམིགས་འབེན་ལག་བསྟར་བྱེད་པ། རང་ཁུལ་གྱི་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། ཐོན་ལས་རིགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྫོང་སོ་སོ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་བསམ་བློ་སྔར་ལས་གཅིག་གྱུར་ཡོང་བ་བྱས་ཏེ། ནུས་ཁུངས་གསར་བའི་བྱ་བ་ལེགས་པོ་བསྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ནུས་ཁུངས་གསར་བའི་གཞི་ས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ནས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། གཙོ་གནད་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པོ་བྱས་ཏེ། ལོ་འཁོར་གྱི་ལས་འགན་ལེགས་གྲུབ་ཡོང་བ་ཁག་ཐེག་བྱ་དགོས་ལ། ཁོངས་མིའི་སྡེ་ཚན་སོ་སོ་དང་རྫོང་སོ་སོ་དང་གྲོང་ཁྱེར་གྱིས་གཞོགས་འདེགས་བྱས་ཏེ། ཁུལ་ཡོངས་ཀྱི་དྭངས་གཙང་གི་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱི་བྱ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
     ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཙུའོ་ལུང་དང་། ཁུལ་ནུས་ཁུངས་ཐོན་ལས་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཚན་སོ་སོའི་འགན་ཁུར་བ་གཙོ་བོ་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།