中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལིན་ཐན་རྫོང་གིས་ཁོར་ཡུག་བཅོས་སྐྱོང་བྱས་ནས་ཞིང་སྡེ་དར་སྤེལ་ལ་སྤུས་ཚད་དང་རྣམ་པ་གསར་བ་གཏོད་པ།
དུས་ཚོད།2022-09-21 11:20:21     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་བའི་ལོ་འགར། ལིན་ཐན་རྫོང་གིས་རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་གི་གཙང་སྦྲར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་ཇེ་ལེགས་སུ་གཏོང་རྒྱུ་དེ་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་དང་ཞིང་སྡེ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བཟུང་ནས། ཞིང་སྡེ་དར་སྤེལ་གཏོང་བའི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཤིང་། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་བདེ་བླག་ངང་ལག་བསྟར་ཐུབ་པ་ཁག་ཐེག་བྱས།
      ལིན་ཐན་རྫོང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་བཙུགས་ནས། 《རྫོང་ཡོངས་ཀྱི་གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང“མཁྲེགས་གཏོར་ཟླ་བའི”བྱ་སྤྱོད་ཇུས་གཞི》དང《རྫོང་ཡོངས་ཀྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་ཇུས་གཞི》པར་འགྲེམ་བྱས་ཏེ། བྱ་བའི་བྱེད་ཐབས་ཞིབ་ཕྲ་དང་བྱ་བའི་གཙོ་གནད་ཁ་གསལ་བཟོས། ཤང་དང་གྲོང་རྡལ་སོ་སོས་བབ་མཚུངས་ཀྱི་བྱ་བའི་སྒྲིག་གཞི་བཙུགས་པ་མ་ཟད། རིམ་པ་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས།  ཟླ 3པ་ནས་བཟུང་སྟེ། ལིན་ཐན་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང“མཁྲེགས་གཏོར་ཟླ་བའི”བྱ་སྤྱོད་ལག་བསྟར་བྱས་ཏེ། རྫོང་མཁར་དང་ཉེ་འཁོར་གྱི་ཁོར་ཡུག་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་གཅིག་སྡུད་ཐོག་སྤེལ་ཞིང་། ཁྲིམས་ལྟར་གྱང་ཆག་དང་ཁང་རྙིང་སོགས་བེད་མེད་སྤྱིལ་ཁང 5100བཤིག་པ་དང་། སྒྲིག་འགལ་དང་སྐྱོན་ཡོད་པའི་བརྡ་ཁྱབ་བྱང་བུ 1500གཙང་བཤེར་བྱས་ཏེ། “གཙང་དག་སྡེ་བ”110བསྐྲུན་པ་དང་། ཁྱབ་གདལ་དུ་གཏོང་ཚད 78%ཟིན།
     གསང་སྤྱོད་ཁང་གསར་བརྗེ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། རིམ་རྩིས་བྱས་ན་གསང་སྤྱོད་ཁང 141བསྐྲུན་པ་དང་ཁྱབ་ཚད 100%ཟིན་ལ། ཤང་དང་གྲོང་རྡལ་གྱི་སྤྱི་བའི་གསང་སྤྱོད་ཁང 16བསྐྲུན་པ་དང་ཁྱབ་ཚད 100%ཟིན། སྡེ་ཡོངས་སྐུལ་འདེད་ཀྱི་གསང་སྤྱོད་ཁང་གསར་བརྗེའི་སྡེ་བ 88ལེགས་གྲུབ་བྱུང་བ་དང་། ཞིང་སྡེའི་ཁྱིམ་ཚང་གི་གསང་སྤྱོད་ཁང 27994སྒྱུར་བཀོད་བྱས།
     རྫོང་མཁར་གྱི་ཤར་ནུབ་རི་བོ་གཉིས་དང་། སྲང་ལམ་གྱི་གཡས་གཡོན། ལྷོ་བྱང་གི་འབུད་སྒོ། མཛེས་ལྗོངས་ཁུལ། ཀླུ་ཆུའི་འགྲམ་ངོགས། གཞུང་ལམ་འགྲམ་རྒྱུད་གཙོ་གནད་བྱས་པའི་ནགས་སྐྲུན་ལྗང་འགྱུར་དྲ་རྒྱའི་མ་ལག་གི་འཛུགས་སྐྲུན་སྤེལ། 2021ལོ་ནས་བཟུང་རིམ་རྩིས་བྱས་ན་ནགས་སྐྲུན་ལྗང་འགྱུར་མུའུ་ཁྲི 3.12བྱས་པ་དང་། རྩྭ་མུའུ་ཁྲི 5བཏབ་ཅིང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི 16.46ཇེ་ལེགས་སུ་བཏང་། རྩྭ་ཐང་ལ་གནོད་འཚེ་ཕོག་པ་དང་ས་ནག་གྲམ་ཐང་མུའུ་ཁྲི 8.5སྒྲིག་བཅོས་བྱས་པ་དང་། རྩྭ་ཐང་གི་བྱི་བ་དང་འབུའི་གནོད་འཚེ་མུའུ་ཁྲི 30འགོག་བཅོས་བྱས། རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་གསོག་ཚད་མཐོ་རུ་ཕྱིན་པ་དང་། འབབ་རྒྱུད་ཆུང་གྲས་བཅོས་སྐྱོང་དང་གཏེར་རིའི་སྐྱེ་ཁམས་སླར་གསོ་དང་སྒྲིག་བཅོས་བྱེད་པ་སོགས་སྐྱེ་ཁམས་ལས་གཞི 30སྤེལ་ཞིང་ནགས་ཚལ་ཁྱབ་ཚད 22.07%ཟིན།།
(དངོས་སྦྱོང་སློབ་མ་བན་དེ་འཚོ་ཡིས་བསྒྱུར།)
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།