中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རྒྱང་སྐྱོད་ལམ་བུ་གསར་བར་བསྐྱོད།། དུས་རབས་གསར་བར་བྱས་རྗེས་འཇོག།
དུས་ཚོད།2022-09-22 18:22:32     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ལོ་བཅུའི་འབད་འབུངས་ཡར་བརྩོན་གྱི་ལམ་བུའི་ཐོག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་པ།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཅོ་ནེ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་རིགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་བའི་ཁྲོད་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་ཐོན་ལས་སྟོབས་ཆེན་དང་སྐྱེ་ཁམས་མཛེས་པ། མི་དམངས་ཕྱུག་པོ། སྤྱི་ཚོགས་གཏན་འཇགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལེའུ་གསར་བ་ཧུར་ཐག་གིས་བརྩམས།
   ལོ་ངོ་བཅུའི་རིང་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་པས་ཅོ་ནེའི་ས་གཞི་ཆེ་མོར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གྲོང་ཁྱེར་དང་ཞིང་སྡེའི་རྣམ་པ་གསར་བར་གྱུར་ཏེ། སྔ་རྗེས་སུ“ཀྲུང་གོའི་ཆེས་མཛེས་པའི་ཞིང་སྡེའི་རྫོང་དང་གྲོང་ཁྱེར་བརྒྱ”དང“ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས”ཀྱི་མཚན་ཐོའི་ནང་ཚུད་པ་དང་། རྒྱལ་ཡོངས་ཀྱི་སྡེ་བ་གཙང་སྦྲ་བྱེད་པའི་བྱ་འགུལ་གྱི་སྔོན་ཐོན་རྫོང་དང་། རྒྱལ་ཡོངས་ཀྱི་ཞིང་སྡེའི་མི་སྡོད་ཁོར་ཡུག་སྒྲིག་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པའི་རྫོང་དུ་བདམས་ཤིང་། ལྗང་མདོག་དར་རྒྱས་ལ་གཏིང་ཤུགས་གསར་པ་བསྣན་པ་དང་ཅོ་ནེའི་ཁྱད་ཆོས་ལྡན་པའི་སྤུས་རྟགས་བཏོད་ཡོད།།
   འབད་འབུངས་ཡར་བརྩོན་བྱས་ནས་ལོ་ངོ་བཅུ་ཡི་རིང་ལ་ཅོ་ནེའི་ས་གཞི་ཆེན་པོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་། ཅོ་ནེ་རྫོང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། འབད་འབུངས་ལྷད་མེད་དང་བློ་བརྟན་ཡར་བརྩོན་གྱིས་ཐོན་ལས་སྟོབས་ཆེ་དང་། སྐྱེ་ཁམས་མཛེས་པ། མི་དམངས་ཕྱུག་འགྱུར། སྤྱི་ཚོགས་གཏན་འཇགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་བ་ཞིག་བརྩམས་ཡོད།།
ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་ཡོད་པ།
    ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”དུས་མཇུག་ཏུ་ཅོ་ནེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར 30ཡི་འགག་སྒོ་ཆེན་པོར་ཉེ་བར་བཅར་བ་དང་། ཁ་ཆེ་ཚད་ཀྱི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར 2ལས་བརྒལ་བ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར 4.79བཅས་ཟིན་ནས་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བ་སྒོར་དུང་ཕྱུར 137ལེགས་གྲུབ་བྱས་པ་དེ“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”རིང་གི་ལྡབ 1.4དང་ལོ་རེར་ཆ་སྙོམས་སུ 7.4%འཕར་ཡོད། ཁྱིམ་ཚང 6673གྱི་དབུལ་བོ་མི་གྲངས་ཁྲི 3.15ཚང་མ་དབུལ་ཐར་ཐུབ་པ་དང་དབུལ་བོ་སྡེ་བ 53ཚང་མ་དབུལ་ཐར་བྱུང་སྟེ་ལོ་གཉིས་སྔ་སྣུར་གྱིས་དབུལ་ཐར་ཐུབ་ནས་དབུལ་བོའི་གནད་དོན་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་ཤིང་རྒྱལ་ཡོངས་དང་ཞིང་ཆེན་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”རིང་ཡུལ་སྐོར་བ་མི་ཐེངས་ཁྲི 540ལྷག་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར 26.1བཏོད་ཡོད་པ་དེ“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”རིང་ལས་སོ་སོར་ལྡབ 3.4དང་ལྡབ 4.16ཟིན།
གྲོང་ཁྱེར་དང་ཞིང་སྡེའི་རྣམ་པ་གསར་བ་གསར་རྐྱང་དུ་གྱུར་པ།
   2015ལོ་ནས་བཟུང་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་གིས“གནོད་མེད་ལྔའི་ཀན་ལྷོ”དང“བཅུ་ཡོད་གཞིས་ཁྱིམ”གྱི་རྩ་བ་བརྟན་པོར་བཙུགས་ནས། རྫོང་ཡོངས་ཀྱི་སྤྱི་ལེ་གྲུ་བཞི་མ 5419.66ཟིན་པའི“ཁོངས་ཡོངས་སུ་གད་སྙིགས་མེད་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།     ཅོ་ནེ་རྫོང་གི་ཞིང་སྡེའི་འཛུགས་སྐྲུན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བས་གྲོང་ཁྱེར་ནང་གི་ཁང་བརྩེགས་ཆར་ཤུལ་གྱི་ཤ་མོ་བཞིན་རྡོལ་བ་དང་ཞིང་སྡེའི་སྲང་ལམ་གཙང་ཞིང་གྲལ་དག་པར་གྱུར། ལྷག་པར་དུ“གྲོང་ཁྱེར་ནང་གི་སྡེ་བ”སྒྱུར་བཀོད་བྱས་ནས་སྡེ་བའི་ཁྱིམ་ཚང 500ལྷག་གི་སྡོད་ཁང་སྒྱུར་བཀོད་དང་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲ“བཙོག ཟིང ཞན”བཅས་དང་གྲོང་ཁྱེར་གྱི་རྣམ་པ“ཧྲིལ རྙིང ཟིང ”བཅས་ཀྱི་སྣང་ཚུལ་རྩ་བའི་ཐོག་ནས་ཐག་གཅོད་བྱས་ཤིང་གྲོང་ཁྱེར་གྱི་སྣང་བརྙན་དང་སྤུས་ཚད་མཐོ་རུ་བཏང་ཡོད། 
འགྲིམ་འགྲུལ་བྱ་གཞག་ཁྱོན་ཡོངས་ནས་ལེགས་སུ་བཏང་བ།
     ངག་རྒྱུན་དུ། “རི་དང་བར་ཐག་གཅོད་སླ་ལ་ཆུ་དང་བར་ཐག་གཅོད་དཀའ་པ”ཞེས་པའི་བཤད་སྲོལ་ཡོད། 1971ལོར་ཀླུ་ཆུའི་ཐོག་དེང་རབས་ཅན་གྱི་ཟམ་པ་དང་བོ་འཛུགས་སྐྲུན་བྱས་ཤིང་། དེའི་རིང་ཚད་ལ་སྨི 174དང་ཞེང་ཚད་ལ་སྨི 7ཡོད། 2018ལོའི་ཟླ 5བར་ཀླུ་ཆུའི་ཟམ་ཆེན་གསར་བ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་ཡོད། ཟམ་པའི་རིང་ཚད་ལ་སྨི 140དང་། ཕྱོགས་གཉིས་ནས་འགྲོ་ཆོག་པའི་རླངས་འཁོར་བཞིའི་ཟམ་པ་ཞིག་ཡིན། ནང་ངོས་ཀྱི་འཁོར་ལམ་ཞེང་ཚད་ལ་སྨི 3.5དང་ཕྱི་ངོས་ཀྱི་འཁོར་ལམ་ཞེང་ཚད་ལ་སྨི 3.75ཡོད། གཞོགས་གཉིས་སོ་སོར་སྨི 1.5ཡི་རྐང་འཁོར་ལམ་དང་སྨི 3.5ཡི་མིའི་འགྲོ་ལམ་ཡོད། ཟམ་པའི་ཞེང་ལ་སྨི 24.5ཡོད། དེའི་རྗེས་སུ་ཀན་སུའུ་ཞིང་ཆེན་གྱི་ཆུ་བརྒལ་ཁྱམས་རའི་ཟམ་པ་གཅིག་པུ་དང་རྒྱལ་ཡོངས་ཀྱི་བོད་བཟོ་རྣམ་པའི་ཟམ་པགཅིག་པུ་ཡིན།
    ད་ལྟ་ཀླུ་ཆུའི་སྟེང་ཟམ་ཆེན 5གསར་དུ་བསྐྲུན་པ་དང་མི་འགྲོ་གནམ་ཟམ 1བསྐྲུན་ཡོད།
    ཀླུ་ཆུའི་ཟམ་ཆེན་རེ་རེ་ཡིས་ཕྱི་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་བཏོད་དེ་གྲོང་ཁྱེར་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་འཛུམ་གྱིས་བསུས་ཤིང་། ཉེ་འཁོར་གྱི་རི་ཆུ་སྔོན་པོ་དང་སྡོངས་ཏེ་ཅོ་ནེ་རྫོང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།
    གཞུང་ལམ་རེ་རེ་དང་ཟམ་པ་རེ་རེ་ཡིས་ཅོ་ནེ་ཡི་འཕེལ་རྒྱས་དང་འགྱུར་ལྡོག་བདེན་དཔང་བྱ་ཐུབ་ལ། ཅོ་ནེ་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་ཡང་བདེན་དཔང་བྱ་ཐུབ།
ཞིང་སྡེ་དར་རྒྱས་བཏང་བ།
   2018ལོར་ཅོ་ནེ་རྫོང་གིས་ཞིང་སྡེ་དར་རྒྱས་ཀྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དུང་བརྡ་བཏང་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 192དང་། ཡུལ་སྐོར་ཆེད་ལས་སྡེ་བ50 ཡུལ་སྐོར་དཔེ་སྟོན་སྡེ་བ3 ཡུལ་སྐོར་དམངས་ཕྱུག་སྡེ་བ2 ཡུལ་སྐོར་དབུལ་སྐྱོར་སྡེ་བ10 བཅས་བསྐྲུན་པ་དང་། རྫོང་ཡོངས་ཀྱི་རོང་འབྲོག་པའི་སྤྲོ་སྐྱིད་ཁང 376བཙུགས་ཡོད། དཔའ་ཡུལ་སྡེ་བ་རྒྱལ་ཡོངས་ཀྱི་ཞིང་སྡེ་ཡུལ་སྐོར་གཙོ་གནད་སྡེ་བར་བདམས་པ་དང་། ཁྲ་འོ་སྡེ་བ་ཀྲུང་གོའི་མཛེས་སྡུག་ལྡན་པའི་ཞིང་སྡེ་བརྒྱ་ཡི་དཔེ་སྟོན་སྡེ་བར་བདམས་ཡོད།
   ཅོ་ནེ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་སྡེ་དར་རྒྱས་གཏོང་བའི་རྨང་གཞིར་བརྩིས་ནས“ནོར་ལུག སྔོ་ཚལ ཞོག་ཁོག སྨན་རྩྭ”བཅས་གཙོ་ཁྲིད་ཁྱད་ལྡན་ཐོན་ལས་ཆེ་གྲས་ལྔ་གཙོ་གནད་དུ་བཟུང་བ་དང་། ལྷག་པར་དུ 2022ལོར་དེང་རབས་འདེབས་འཛུགས་ལས་རིགས་ཀྱི“མུའུ་ཁྲི་ལྔའི”འདེབས་གསོ་བྱ་འགུལ་ལ་སྐུལ་འདེད་བཏང་ནས། བཟའ་བྱའི་ཤ་མོ་གཙོ་ཁྲིད་ཐོན་ལས་སུ་བརྩིས་ནས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱེད་པ་དང་རོང་འབྲོག་མང་ཚོགས་ཞུགས་སུ་བཅུག་ནས་ཞིང་ཁྱིམ་གྱི་ཡོང་སྒོ་འཕར་བ་མངོན་འགྱུར་བྱུང་། ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུ་མུའུ་ཁྲི 8དང་། མཐོ་སྒང་དབྱར་ཚལ་མུའུ 5000བཟའ་བྱའི་ཤ་མོ་མུའུ 1200 ནས་མུའུ་ཁྲི 5.89 སྐེ་ཚེ་མུའུ་ཁྲི 2.56བཅས་འདེབས་འཛུགས་བྱེད་པ་ཁྱབ་གདལ་དུ་བཏང་ཡོད།
    ལོ་བཅུའི་རིང་ཅོ་ནེ་རྫོང་གིས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་རིགས་སྒྱུར་རིམ་སྤོར་ཁྲོད་འབད་འབུངས་ཡར་བརྩོན་བྱས་ཏེ་ཅོ་ནེ་ཡི“སྐད་སྙན་མོ”མཛེས་སྡུག་ལྡན་པའི་ཅོ་ནེཞེས་པའི་གླུ་གཞས་བཏང་བས་མི་རྣམས་ཀྱིས་ཅོ་ནེ་ཞེས་པའི་གསར་བརྗེའི་ས་གཞི་འདིར་ཡིད་སྨོན་ཚད་མེད་བྱེད་ཀྱིན་ཡོད། ད་ལྟ་ཅོ་ནེ་རྫོང་གིས“ཀྲུང་གོའི་ཆེས་མཛེས་པའི་ཞིང་སྡེ་རྫོང་དང་གྲོང་ཁྱེར་བརྒྱ”དང“ཀྲུང་གོའི་ཆེས་མཛེས་པའི་རྫོང”གི་མིང་ཐོའི་ནང་ཚུད་པ་མ་ཟད། རྒྱལ་ཡོངས་ཀྱི་སྡེ་བ་གཙང་དག་བཟོ་པའི་བྱ་སྤྱོད་གྱི་སྔོན་ཐོན་རྫོང་དང་རྒྱལ་ཡོངས་ཀྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པའི་སྐུལ་ལྕག་རྫོང་དུ་བདམས། གཟི་བརྗིད་མཚན་སྙན་དེ་དག་ཐོབ་པ་ལས་ཅོ་ནེ་རྫོང་གི་ལྗང་མདོག་འཕེལ་རྒྱས་ལ་གཏིང་ཤུགས་གསར་བ་ཞིག་བསྣན་ཡོད་པ་མ་ཟད། ཅོ་ནེ་ཁོ་ནར་ལྡན་པའི་སྤུས་ཚད་ཀྱང་བཏོད་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།