中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ཁྱད་དུ་འཕགས་པའི་བུད་མེད་ཀྱི་སྟོབས་ཤུགས།
དུས་ཚོད།2022-11-17 11:09:41     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཁྱད་དུ་འཕགས་པའི་བུད་མེད་ཀྱི་སྟོབས་ཤུགས།
--ཀན་ལྷོ་ཁུལ་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་བྱ་བའི་གནས་ཚུལ་རགས་བཀོད།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་སྟེ།ཀན་ལྷོ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཚོགས་པའི་བཅོས་སྒྱུར་དང་བུད་མེད་དང་བུད་མེད་ཀྱི་བྱ་བ།ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ།ཁྱིམ་སྲོལ་འཛུགས་སྐྱོང་སོགས་ལ་མཐོང་ཆེན་བྱ་དགོས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་དང་།ལྟེ་བ་དང་ཁྱོན་ཡོངས་ལ་དམིགས་ཏེ།ཀན་ལྷོའི་བུད་མེད་བྱ་གཞག་དེ་དཔལ་འབྱོར་དང་སྤྱི་ཚོགས་དང་དུས་མཉམ་དུ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས་ཁུལ་ཡོངས་ཀྱི་བུད་མེད་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད།ལོ་ངོ་བཅུའི་རིང་དུ།ང་ཚོས་འགན་ཁུར་འཁུར་ཕོད་པ་བྱས་པ།
    བསམ་བློ་ཆབ་སྲིད་ཀྱིས་ཁྲིད་སྟོན་བྱེད་པ་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་པ་དང་།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་པའི”བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དེ་མང་ཚོགས་དཀྱུས་མའི་ཁྱིམ་དུ་ཁྱབ་པར་སྐུལ་འདེད་བཏང་།ཁུལ་ཡོངས་སུ་བུད་མེད་སྒྲོག་འགྲེལ་ཚོགས་པ(རུ་ཁག) 120ལྷག་བཙུགས་ནས་ཁེ་ལས་དང་རོང་འབྲོག་སྡེ་བ།ལས་ཁུངས།སློབ་གྲྭསྡོད་ཁུལ་བཅས་སུ་བསྐྱོད་དེ་དྲིལ་བསྒྲགས་སྒྲོག་འགྲེལ་བྱ་བ་རྒྱ་ཁྱབ་དང་གཏིང་ཟབ་སྒོས་སྤེལ་ཞིང་།དྲིལ་བསྒྲགས་སྒྲོག་འགྲེལ་བྱ་འགུལ་ཐེངས 4000ལྷག་སྤེལ་བ་དང་།བུད་མེད་མང་ཚོགས་ཁྲི 30ལྷག་ལ་ཕན་པ་ཐོབ་ཡོད།
       བུད་མེད་འཕེལ་རྒྱས་མཉམ་འདྲེས་ལྟེ་གནས་ཀྱི་བྱ་བར་སྐུལ་འདེད་བཏང་ནས“ལུང་ཡོན་ལག་མཁས་པ”དང“ལུང་ཡོན་བུད་མེད”སོགས་ཀྱི་ཁྱིམ་ལས་ཞབས་ཞུའི་ཐད་ཀྱི་དངོས་སྤྱོད་ལག་རྩལ་གསོ་སྦྱོང་ཐེངས 1200ལྷག་སྤེལ་བ་དང་བུད་མེད་མི་ཐེངས་ཁྲི 8ལྷག་ལ་གསོ་སྦྱོང་བྱས།ཞིང་བ་བུད་མེད་ཀྱི་ཆེད་ལས་མཉམ་ལས་ཁང་དང་དབུལ་སྐྱོར་འཁོར་ཁང་།ལས་ཞུགས་བཟོ་གྲྭ་སོགས 126གསར་སྐྲུན་བྱས་པ་དང་།འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ལས་གཏོད་ཁག་ཐེག་བྱེད་པར་དངུལ་བུན་སྒོར་དུང་ཕྱུར 2.07བཏང་སྟེ།བུད་མེད་ཁྲི 1.6ལ་ཐོན་ལས་འཕེལ་རྒྱས་དང་ལས་གཏོད་ཕྱུག་འགྱུར་བྱེད་པར་རོགས་སྐྱོར་བྱས།བུད་མེད་ཀྱི་ཁྱིམ་སྲོལ་སྐར་གསོག་སྒོ་རྩིས་ཚོང་ཁང 386བཙུགས་པར་མ་དངུལ་སྒོར་ཁྲི 400ལྷག་བཏང་།ཁུལ་ཡོངས་སུ་ཁུལ་རིམ་པ་ཡན་གྱི“མཛེས་ལྡན་ཁྱིམ་ཚང”དང་། “མཛེས་པའི་སྒོ་ར”“མནའ་མ་བཟང་བོ”“སྒྱུག་མོ་བཟང་བོ”“ཕུལ་དུ་བྱུང་བའི་བུད་མེད་དཔེ་སྟོན་མཁན”སོགས་མི 1386བདམས་ནས་ཁོ་མོ་ཚོའི་བྱ་བཟང་སྤྱོད་ལེགས་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།རྒྱ་ཆེའི་བུད་མེད་རྣམས་ཞིང་སྡེ་དར་རྒྱས་གཏོང་བའི་བྱ་བའི་ཁྲོད་དུ་ཧུར་ཐག་སྒོས་ཞུགས་པར་སྐུལ་མ་བཏང་སྟེ་མཛེས་སྡུག་ལྡན་པའི་གཞིས་ཁྱིམ་གསར་བ་སྐྲུན་པར་བུད་མེད་རྣམས་ཀྱི་སྟོབས་ཤུགས་ཕུལ་བ་རེད།ལོ་ངོ་བཅུའི་རིང་དུ།ང་ཚོས་སེམས་ཤུགས་གཅིག་སྒྲིལ་བྱས་པ།
      རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་བུད་མེད་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་བ་དང་རང་འགུལ་ངང་བསྟུན་ཐབས་བྱས་ཏེ།བུད་མེད་དང་བྱིས་པ་རྣམས་ཀྱི་ཆེས་སྙིང་ཉེ་བའི་གྲོགས་པོ་བཟང་བོ་ཞིག་བྱས་པ་དང“མཉམ་འབྲེལ”གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བུད་མེད་ཀྱི་ཁེ་དབང་སྔར་བས་སྲུང་སྐྱོང་ནུས་ལྡན་བྱས།ཀན་ལྷོ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཟའ་ཚང་འགལ་ཟླ་དང་རྩོད་གཞིའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་སྤྱི་བདེ་ཅུས་དང་ཞིབ་དཔྱོད་ཁང་།ཁྲིམས་ཁང་།སྲིད་འཛིན་ཅུས།འཕྲོད་བསྟེན་ཅུས།དམངས་སྲིད་ཅུས་བཅས་དང་མཉམ་འབྲེལ་ཐོགཀན་ལྷོ་ཁུལ་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བྱ་བའི་མཉམ་སྒྲུབ་མཉམ་འགུལ་ལམ་སྲོལ་འཛུགས་རྒྱུའི་ལག་བསྟར་ཇུས་གཞིདངབཟའ་ཚང་གི་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཆེད་དོན་འགུལ་སྐྱོད་བྱ་བའི་ལག་བསྟར་ཇུས་གཞིབཟོས་ནས་པར་འགྲེམ་བྱས་ཤིང་།ཀན་ལྷོ་ཁུལ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལྟེ་གནས་དེ་ཀན་ལྷོ་ཁུལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཙུགས་པ་མ་ཟད་སྒོ་བྱང་བཀལ་བ་རེད།བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི 12338ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ཐད་སྦྲེལ་ཁ་པར་དང 12348ཐད་སྦྲེལ་ཁ་པར་མཉམ་འདྲེས་གཏིང་ཟབ་བྱས་ཏེ།ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་ཕན་འབྲས་ཆེ་རུ་ཕྱིན་པ་མངོན་འགྱུར་བྱུང་ཡོད།བུད་མེད་བཅའ་ཁྲིམས་ཁྱབ་གདལ་གྱི་འཆད་ཁྲིད་ཆེན་མོ་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད་དེ་བུད་མེད་དང་བྱིས་པའི་ཁྲིམས་སྐྱོང་འདུ་ཤེས་གཏིང་ཟབ་ཏུ་བཏང་ཞིང་།སྤྱི་ཚོགས་ཡོངས་སུ་བུད་མེད་དང་བྱིས་པ་ལ་བརྩི་འཇོག་དང་སེམས་ཁུར།སྲུང་སྐྱོང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད།
     ཐོན་ཁུངས་བསྡུ་སྒྲིལ་དང་གཅིག་གྱུར་འཆར་འགོད་བྱས་ནས་དམངས་འཚོའི་ལས་གཞི་ཡིས་མི་སེམས་སྔར་བས་དྲོ་སྐྱིད་ལྡན་པར་བཏང་བ།ལོ་ངོ་བཅུའི་རིང་དུ།རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀའ་ཁག་ཆེ་ཤོས་ཀྱི་མང་ཚོགས་ལ་དམ་པོར་དམིགས་པ་དང་།མངོན་གསལ་དོད་ཤོས་ཀྱི་གནད་དོན་དམ་འཛིན་བྱེད་པ།ཆེས་དངོས་ཡོད་ཀྱི་ཁེ་ཕན་ནས་འགོ་འཛུགས་པ་བཅས་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་གནད་ཁེལ་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་བུད་མེད་དང་བྱིས་པ་ཚོར“སེམས་པ་གཅིག་ཏུ་སྦྲེལ་བའི་འབྲེལ་ཟམ”ལེགས་པོ་ཞིག་བཙུགས་ཡོད། “དཔྱིད་མྱུག་འཆར་གཞིའི”མ་དངུལ་སྒོར་ཁྲི 205.26བརྩོན་ལེན་བྱས་ནས་རིམ་བསགས་ཀྱིས་བརྩིས་ན་སློབ་གྲྭ་ཆུང་འབྲིང་དང་དཀའ་ཁག་ཡོད་པའི་སློབ་ཆེན་སློབ་མ 1646ལ་རོགས་སྐྱོར་བྱས་ནས་སློབ་མཐར་ཕྱིན་དུ་བཅུག་པ་དང་། “hleloབྱིས་པ”དང“སྤྲོ་སྣང་ལྡན་པའི་གཅེས་ཕྲུག”“ལག་པའི་ནང་ལ་ལག་པ་བཞག་ནས་སྤྱི་སྐད་ལེགས་པོ་བཤད་པ”“གཅེས་སེམས་དཔེ་དེབ”སོགས་ཀྱི་བྱ་འགུལ་སྤེལ་ནས་བྱིས་པ་ཁྲི 2.3ལ་རིན་ཐང་སྒོར་ཁྲི 138.3ཟིན་པའི་གཅེས་སེམས་དངོས་རྫས་བཀྲམས་ཤིང་། “ཨ་མའི་སྦྲག་ཁུག”བྱ་འགུལ་སྤེལ་ནས་ཁུལ་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཨ་མ 8000ལྷག་ལ་རིན་ཐང་སྒོར་ཁྲི 25.6ཟིན་པའི་འཚོ་བའི་མཁོ་ཆས་བཀྲམས།ལོ 0ནས་ལོ 1བར་གྱི་ཕྲུ་གུ 2112ལ་རིན་ཐང་སྒོར་ཁྲི 107ཟིན་པའི་གཅེས་སེམས་འོ་ཕྱེ་བཀྲམས་པ་དང“དཔྱིད་དྲོད་བྱ་འགུལ”བརྒྱུད་དེ་བུད་མེད་དང་བྱིས་པ 235ལ་རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་ཁྲི 35.3ཡི་རོགས་སྐྱོར་བྱས་པ་དང་།རིམ་བསགས་ཀྱིས་བརྩིས་ན་ཀྲུང་གོ་བུད་མེད་ཐེབས་རྩ་ལྷན་ཚོགས་ཀྱི“ཨ་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”5བརྩོན་ལེན་བྱས་ཤིང་།ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར 5རུ་རིམ་བསགས་ཀྱིས་བརྩིས་ན་མི་ཐེངས་ཁྲི 1.8ལ་འོས་འགན་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱས་པ་དང་མི་ཐེངས་ཁྲི 1.3ལྷག་ལ་བདེ་ཐང་ཞིབ་བཤེར་བྱས།ནུས་ཤུགས་ཡོད་རྒུས“འབྲས་སྐྲན་གཉིས”གྲལ་བཤེར་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ་རིམ་བསགས་ཀྱིས་བརྩིས་ན་ལོ 35ནས་ལོ 64བར་གྱི་རོང་འབྲོག་སྡེ་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་བུད་མེད་ཁྲི 13.45ལ་རིན་མི་དགོས་པར་གྲལ་བཤེར་བྱས་ཤིང་བསྡོམས་པས་ཁ་གསབ་མ་དངུལ་སྒོར་ཁྲི 1139.02སྤྲད་པ་རེད།ཞིང་སྡེའི་ཡོང་འབབ་དམའ་བའི“འབྲས་སྐྲན་གཉིས”ཀྱི་ནད་ཕོག་ཡོད་པའི་བུད་མེད 213ལ་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི 213བརྩོན་ལེན་བྱས་པ་དང་།རིགས་སྣ་ཚོགས་ཀྱི་སྲིད་གཞུང་གི་རོགས་སྐྱོར་མ་དངུལ་སྒོར་ཁྲི 120ལྷག་རེ་ཞུ་བྱས་པའོ།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།