中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ཟླ་བ་དང་བོ་ནས་ཟླ་བ་དགུ་བའི་བར་ཁུལ་ཡོངས་ཀྱི་སྤྱི་བའི་ཐོན་ཁུངས་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ།
དུས་ཚོད།2022-11-17 11:11:09     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ད་ལོ་ནས་བཟུང་སྟེ། རང་ཁུལ་གྱི་སྤྱི་བའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་རྒྱུན་ཆད་མེད་པར་སྤྱི་བའི་ཐོན་ཁུངས་ཉོ་ཚོང་བཅོས་སྒྱུར་གཏིང་ཟབ་སྤེལ་ཏེ། ཚད་ལྡན་དང་ཡང་དག ཕན་འབྲས་ཆེ་བ། ཡོངས་བསྒྲགས་དང་ཁ་གསལ་བཅས་ཀྱི་སྤྱི་བའི་ཐོན་ཁུངས་ཉོ་ཚོང་གི་གཉེར་སྐྱོང་ཁོར་ཡུག་ཧུར་ཐག་སྒོས་བཏོད་ནས“གཅིག་འཐུས་རྣམ་པའི”ཉོ་ཚོང་བྱ་ཡུལ་བཏོད་པ་དང“གཞི་གཅིག་ཅན”གྱི་ཉོ་ཚོང་སྟེགས་བུ་བསྐྲུན་ཏེ“ཁྲེ་ཙེ་གཅིག”གི་ཉོ་ཚོང་ཞབས་ཞུ་ལག་བསྟར་བྱས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་སྤྱི་བའི་ཐོན་ཁུངས་ཉོ་ཚོང་བྱ་བ་དག་ལ་སྐུལ་འདེད་བཏང་བས་ཟླ་བ་དང་བོ་ནས་ཟླ་བ་དགུ་བའི་བར་ཁུལ་ཡོངས་ཀྱི་སྤྱི་བའི་ཐོན་ཁུངས་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་བརྒྱ་ལས་བརྒལ།    
     དུས་ཚིགས་གསུམ་པའི་དུས་མཇུག་ཐུག་བར་དུ། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་སོ་སོའི་སྤྱི་བའི་ཐོན་ཁུངས་ཉོ་ཚོང་སྟེགས་བུ་ཡིས་བསྡོམས་པས་བཅད་གྲངས་ཡན་གྱི་ཉོ་ཚོང་ལས་གཞི995ལེགས་སྒྲུབ་བྱས་པ་དང་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར 100.969ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར 7.161གྲོན་ཆུང་བྱས་པ་དང་མ་དངུལ་གྲོན་ཆུང་བྱས་ཚད 6.62%ཟིན་ལ། དུས་མཚུངས་ལས་ལས་གཞི 150མང་དུ་ཕྱིན་ནས་མ་དངུལ་སྒོར་དུང་ཕྱུར 33.5956མང་དུ་ཕྱིན་ཡོད་པ་དང་མ་དངུལ་གཏོང་བའི་འཕར་ཚད 49.86%ཟིན་ཡོད། དེའི་ཁྲོད་དུ་ཁུལ་རིམ་པའི་སྟེགས་བུ་ཡིས་བསྡོམས་པས་ཉོ་ཚོང་ལས་གཞི 613ལེགས་སྒྲུབ་བྱས་པ་དང་། ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར 85.791ཟིན་ལ། ནོར་སྲིད་མ་དངུལ་སྒོར་དུང་ཕྱུར 6.06གྲོན་ཆུང་བྱས་པ་དང་མ་དངུལ་གྲོན་ཆུང་བྱས་ཚད 6.6%ཡིན་པ། རྫོང་དང་གྲོང་ཁྱེར་རིམ་པའི་སྟེགས་བུ་ཡིས་བསྡོམས་པས་ཉོ་ཚོང་ལས་གཞི 382ལེགས་སྒྲུབ་བྱས་པ་དང་། ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར 15.178ཟིན་ལ། ནོར་སྲིད་མ་དངུལ་སྒོར་དུང་ཕྱུར 1.101གྲོན་ཆུང་བྱས་པ་དང་མ་དངུལ་གཏོང་བའི་འཕར་ཚད 6.76%ཡིན་པ་རེད།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།