བསང་ཆུའི་རྫོང་མཁར་གྱི་རླངས་འཁོར་འཇོག་དཀའ་བ་དང་དོ་དམ་ཞན་པ། རླངས་འཁོར་འཇོག་རིན་གང་འདོད་དུ་ལེན་པ་སོགས་དག་ཐེར་བྱེད་པའི་བྱ་འགུལ་སྤེལ་བ་ནས་བཟུང་། བསང་ཆུ་རྫོང་གིས་རླངས་འཁོར་འཇོག་པའི་སྒྲིག་གཞི་གཏན་ཁེལ་བྱས་ནས། རྫོང་མཁར་གྱི་རླངས་འཁོར་འཇོག་ས605རུ་ཡང་བསྐྱར་དུ་འཇོག་ཐིག་བྲིས་པ་མ་ཟད་དུས་ཚོད་འཇལ་ཚད་ཀྱི་སྒྲིག་ཆས་བཞག དེ་མིན་རླངས་འཁོར་འཇོག་ཡུལ5རུ་རླངས་འཁོར་འཇོག་ས430གསར་དུ་བསྣན་པ་མ་ཟད། ལས་ཁུངས7གྱིས་སྤྱི་ཚོགས་ལ་རླངས་འཁོར་འཇོག་ས70ལྷག་སྒོ་ཕྱེས་ནས། ལས་ཁུངས་མཐའ་འཁོར་གྱི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས།
རྫོང་མཁར་གྱི་སྲང་མདོ་སོ་སོ་ནས་གསར་འགོད་པས་བླ་བྲང་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་དང་ལས་བཟོ་བ་རྣམས་ཀྱིས་སྲང་ལམ་གྱི་གཡས་ཕྱོགས་ན་རླངས་འཁོར་འཇོག་ཐིག་བྲི་བཞིན་པ་མཐོང་། རླངས་འཁོར་འཇོག་ཐིག་དཀར་པོ་ཡང་བསྐྱར་བྲིས་པ་ཡིས་རླངས་འཁོར་འཇོག་སྐབས་སྟབས་བདེ་ཞིང་གོ་རིམ་ཡོད་པའི་ནུས་པ་བཏོན། མིག་སྔའི་བར་དུ་རྫོང་མཁར་ན་ཆེད་སྤྱོད་ཀྱི་རླངས་འཁོར་འཇོག་ཡུལ84རུ་རླངས་འཁོར་འཇོག་ས2054 ཡོད་པ་དང་། སྲང་ལམ་གཙོ་བོ་ན་རླངས་འཁོར་འཇོག་ཡུལ2སུ་རླངས་འཁོར་འཇོག་ས414ཡོད། ལམ་ཕྱིའི་རླངས་འཁོར་འཇོག་ཡུལ3དུ་རླངས་འཁོར་འཇོག་ས821ཡོད་པ་དང་། རླངས་འཁོར་འཇོག་ཡུལ42སུ་རླངས་འཁོར་འཇོག་ས2760ལེགས་སྒྲིག་བྱས། ཐེངས་འདིའི་དག་ཐེར་བྱེད་པའི་བྱ་འགུལ་སྤེལ་བ་ཡིས་བསང་ཆུའི་མཁར་གྲོང་གི་རྣམ་པ་ལེགས་སུ་བཏང་བ་མ་ཟད། རླངས་འཁོར་འཇོག་ཡུལ་གསར་དུ་བསྣན་པ་ཡིས་མང་ཚོགས་རྣམས་ཀྱི་འཚོ་བའི་འགྲོ་སྐྱོད་ལ་སྟབས་བདེ་གང་ལེགས་བཟོས།།
(ཀུན་མཚོ་སྐྱིད་ཀྱིས།)
རྩོམ་སྒྲིག་པ། པདྨ་འཚོ།
|