中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།བསང་ཆུ་རྫོང2022ལོའི་མཛེས་པའི་ཀྲུང་གོའི་མཁའ་དབུགས་གཙང་བའི་མཁར་གྲོང་དུ་བདམས་པ།
དུས་ཚོད།2022-11-17 11:17:58     རྩོམ་གྱི་ཡོང་ཁུངས།བསང་ཆུ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།    ཆུང་། | འབྲིང་། | ཆེ།
      ཟླ11པའི་ཚེས12ཉིན་ལ། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཞིབ་འཇུག་གླིང་། ཨེ་ཤ་ཡ་རྒྱལ་སྤྱིའི་སྤྲོ་གསེང་རིག་གནས་ཀྱི་པེ་ཅིན་ལྟེ་གནས་དང་།《ཡུལ་སྐོར་སྤྲོ་གསེང》དུས་དེབ་ཁང་སོགས་ཀྱིས་མཉམ་དུ་ཞིབ་འཇུག་བྱེད་པའི“འབྱིན་རྔུབ་གཏིང་ཟབ་སྐྱོན་བྲལ་ཡུལ་སྐོར་འཕེལ་རྒྱས་སྟོན་གྲངས”དང“ཁམས་གསོའི་ཡུལ་སྐོར་ཕུལ་བྱུང་རྫོང་བརྒྱ་ཡི་ཁྱབ་ཁོངས་མིང་ཐོ”ཁྱབ་བསྒྲགས་བྱས་ཏེ། བསང་ཆུ་རྫོང་དེའི་ཁྲོད་དུ་ཚུད་ཡོད་པ་རེད།\
     རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་ནི་མཁར་གྲོང་གི་ནགས་ཚལ་ཁྱབ་ཚད50%ཡན་ཟིན་དགོས་པ་མ་ཟད། མཁའ་དབུགས་གཙང་ཞིང་སྨུག་རྡུལ་མེད་པའི་རྫོང་མཁར་དང་རྫོང་རིམ་པའི་གྲོང་ཁྱེར་ཡིན་དགོས་པ་དང་། ཉེ་བའི་ལོ་འདི་དག་གི་རིང་ལ། བསང་ཆུ་རྫོང་གིས་རི་ལྗང་ཆུ་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་རིག་པའི་གཞུང་ལུགས་ལྟར། གནོད་མེད་ལྔའི་ཀན་ལྷོ་དང་བཅུ་ཡོད་གཞིས་ཁྱིམ། ཁྱད་ཆོས་ལྔ་ལྡན་གྱི་བསང་ཆུ། དཔེ་སྟོན་ལྔའི་རྫོང་བསྐྲུན་པར་ནུས་པ་གང་ཡོད་བཏོན་པ་དང་། དེ་དང་མཉམ་དུ་རི་ཆུ་ནགས་ཞིང་། མཚེའུ། རྩྭ་ཐང་། བྱེ་ཐང་སོགས་བཅོས་སྐྱོང་བྱེད་པ་རྐང་འཛུགས་ས་བྱས་ནས་སྐྱེ་ཁམས་གཙོ་བོ་དང་ལྗང་མདོག་འཕེལ་རྒྱས་བྱས་ཏེ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ལ་སོགས་པ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་།།
(ཀུན་མཚོ་སྐྱིད་ཀྱིས།)
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།