ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་བརྙན་འཕྲིན་ཁ་པར་གྱི་གྲོས་ཚོགས་ཚོགས་པ།
ཡུས་ཁྲིན་ཧུའེ་ཡིས་གཏམ་བཤད་པ་དང་དབྱང་ཝུའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 15ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གཙོས་སུ་ཚོགས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་སུ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཉི་ཤུ་ཆད་ལུས་མེད་པར་དོན་འཁྱོལ་བྱས་ནས་སྔར་བས་ཕན་འབྲས་ཆེ་བའི་བརྒྱུད་རིམ་ཧྲིལ་བོའི་བཀག་སྡོམ་དོ་དམ་དང་། སྔར་བས་གོ་རིམ་ལྡན་པའི་ལྷུ་ཚིགས་ཧྲིལ་བོར་འབྲེལ་མཐུད་ཐུབ་པ། སྔར་བས་སྤུས་ལེགས་ཀྱི་ཕྱོགས་ཡོངས་ཞབས་ཞུ་འགན་ལེན་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀར་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
དབྱང་ཅུན་དང་ཧུའུ་ཞའོ་ཧྭ། ཙུའོ་ལུང་། ལིའང་ཝེ་ཅི། མ་ཡུས། ཞུང་ཅི་པུན་སོགས་ཁུལ་གྱི་འགོ་ཁྲིད་པ་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་དཔོན་གཞོན་པའམ་ཁུལ་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧྥང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས 20སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་གསལ་འགྲེལ་བྱས།
ཡུས་ཁྲིན་ཧུའེ་ཡིས་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བ་སྔར་ལས་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་དོན་ཚན་ཉི་ཤུ་དངོས་སུ་བཏོན་པ་ནི། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་དམིགས་པ་དང་། དུས་དང་གནས་བབ་ལ་བསྟུན་ནས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་གནད་ཁེལ་ངང་བཏོན་པའི་བྱ་སྤྱོད་ཀྱི་བཀའ་རྒྱ་ཞིག་ཀྱང་ཡིན་པས། སྔོན་འགོག་དང་ཚོད་འཛིན་གྱི་ལག་ལེན་ལ་དམིགས་པ་དང་ཕན་ནུས་ལྡན་པའི་སྒོ་ནས་བཏོན་པའི་དངོས་གཉེར་གྱི་བྱེད་ཐབས་ཤིག་ཀྱང་ཡིན། ང་ཚོས་ཕན་ནུས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ལྷོད་གཡེང་གི་བསམ་བློ་དང་དམག་འཐབ་ལ་སུན་པའི་བསམ་པ། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བ་སོ་སོ་དམ་འཛིན་ནན་མོ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན།
དབྱང་ཝུའུ་ཡིས་རྫོང་སོ་སོ་དང་གྲོང་ཁྱེར། སྡེ་ཁག་སོ་སོ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ཇེ་ལེགས་སུ་གཏོང་བའི་བྱ་ཐབས་དག་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བ་དག་ནུས་ལྡན་ངང་བཟང་བོར་བསྒྲུབ་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། རིན་དོད་ཆུང་ཤོས་ཀྱིས་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་ཆེ་ཤོས་ཐོན་རྒྱུར་འབད་བརྩོན་བྱ་དགོས། རྫོང་སོ་སོ་དང་གྲོང་ཁྱེར་གྱིས་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་མ་ལག་དང་སྔོན་འགོག་དང་ཚོད་འཛིན་གྱི་བབ་བསྟུན་ཐག་གཅོད་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཉིང་སྐྱུར་ཞིབ་དཔྱད་དང་འཁོར་རྒྱུག་བརྟག་དཔྱད་ཞིབ་བཤེར། སྤྱི་ཚོགས་ཀྱི་ཁྱོན་ཡོངས་དོ་དམ་དང་ཚོད་འཛིན། སྨན་བཅོས་རོགས་སྐྱོབ་སོགས་ཐད་ཀྱི་ཞན་ཆ་གང་མགྱོགས་སྒོས་ཁ་གསབ་བྱས་ནས་ཁུལ་དང་རྫོང་གི་མཉམ་སྦྲེལ་ཐག་གཅོད་ནུས་པ་སྔར་བས་ཇེ་ཆེར་བཏང་སྟེ། རིམས་ནད་མཆེད་རྒྱུ་བཀག་འགོག་བྱ་དགོས་ཞེས་ནན་གྱིས་བསྟན།
ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཐད་གཏོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|