中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། དབྱང་ཝུའུ་ཡིས་གཙོ་འགན་ཁུར་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
དུས་ཚོད།2022-11-18 17:27:41     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 14ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་གཙོ་འགན་ཁུར་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས 22པ་བསྡུས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི བརླན་སའི་སྤྱི་ཆིངསཀྱི་ཆིངས་འཇོག་ཕྱོགས་ཀྱི་སྐབས་བཅུ་བཞི་བའི་འགོ་ཚུགས་མཛད་སྒོའི་ཐོག་གི་ཤིས་ཚིག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་རྐྱེན་སྲོལཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྔར་ལས་ཇེ་ལེགས་དང་ཚན་རིག་དང་མཐུན་ལ་གནད་ཁེལ་ངང་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོསོགས་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཁུལ་སྲིད་གཞུང་གིས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས།
    གྲོས་ཚོགས་སུ་ཁུལ་སྲིད་གཞུང་གི་ཚན་ཁག་ཁོངས་མི་ཁག་ཅིག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་བསམ་ཚུལ་བརྗེ་རེས་དང་བགྲོ་གླེང་བྱས།
    དབྱང་ཝུའུ་ཡིས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་བོར་བརྩིས་ནས་སྲིད་གཞུང་གི་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་ནང་བཅུག་སྟེ། སློབ་སྦྱོང་དང་ཞིབ་འཇུག་ཞིབ་ཕྲ་བྱས་ཏེ་གྲོས་ཚོགས་ཀྱི་དགོངས་དོན་སློབ་པ་མ་ཟད་ཁོང་དུ་ཆུད་པར་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་དག་གི་བརྒྱུད་རིམ་ཧྲིལ་བོར་ལག་བསྟར་དོན་འཁྱོལ་བྱ་དགོས་ཤིང་། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་པ། ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་ཆེར་གཏོང་བ། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་ཁེལ་གཉིས”ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་གཅིག་མཐུན་གཏིང་ཟབ་ཏུ་གཏོང་བ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས་རྒྱུགས་སྤྲོད་ཀྱི་ལམ་བུའི་ཐོག་ནས་ལོ་རྒྱུས་དང་མི་དམངས་ལ་ཕུལ་བྱུང་གི་རྒྱུགས་འབྲས་འབུལ་དགོས་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་ཀྱིསགཙོས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་ལོ་འཇོག་སའི་ཞབས་ཞུའི་གྲོན་བསྡུའི་ཚད་གཞིསོགས་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས།
    ཁུལ་སྲིད་གཞུང་གི་ཚན་ཁག་ཁོངས་མི་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།