(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་བའི་ལོ་འགར། ཅོ་ནེ་རྫོང་གིས་རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་བ་དང་། དེང་རབས་རིག་གནས་ཚོང་རའི་མ་ལག་དང་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་སྟེ། རིག་གནས་བྱ་གཞག་གིས་དམངས་འཚོར་ཕན་པ་འཐོབ་ཅིང་རིག་གནས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་།
ཅོ་ནེ་རྫོང་གིས་ཟློས་གར་འཁྲབ་སྟོན་དང་རིག་རྩལ་འཁྲབ་སྟོན། དཔྱིད་གསར་ཆ་ཡིག་སོགས་ཀྱི་བྱ་འགུལ་སྤེལ་ནས་རྒྱ་ཆེའི་མི་དམངས་ལ་རིག་གནས་ཀྱི་འཚོ་བ་སྣ་ཚོགས་ལོངས་སུ་སྤྱོད་དུ་བཅུག སྐབས་བཅོ་ལྔ་བའི་ཀྲུང་གོའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་ཅོ་ནེའི་ཡུལ་སྲོལ་གོམས་འདྲིས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན། ཅོ་ནེའི་རྒྱལ་སྤྱིའི་སྒེར་འཁོར་གཏོང་བའི་རོལ་རྩེད་དུས་ཆེན། “ཅོ་ནེ་བ་ཡག་ཤོས”དཔྱད་འདེམས་བྱེད་པ། ཐང་ཆེན་ཞབས་བྲོ་འགྲན་བསྡུར་ཆེ་མོ་དང་ཐའོ་ཡན་རིག་གནས་འགྲེམ་ཚོགས་སོགས་ཀྱི་བྱ་འགུལ་སྤེལ་བ་ལས་རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཇེ་དྲག་ཏུ་བཏང་།
ཅོ་ནེ་རྫོང་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་བརྒྱུད་ནང་བསྟན་རིག་གནས་དང་ཐའོ་ཡན་རིག་གནས། གསར་བརྗེའི་ཡུལ་དཔོན་རིག་གནས། ཅོ་ནེ་དམངས་སྲོལ་རིག་གནས། སྐྱེ་ཁམས་རིག་གནས་སོགས“རིག་གནས་ཆེན་པོ་ལྔའི”ཐོན་ཁུངས་ལེགས་ཆ་སྤུས་རྟགས་སུ་བྱས་པ་དང་། “བོད་རྒྱལ་ཕ་ཡུལ། དག་ཞིང་ཅོ་ནེ”ཞེས་པའི་ཡུལ་སྐོར་རིག་གནས་གཟུགས་བརྙན་གནས་ངེས་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས“མདོག་དགུའི་ཀན་ལྷོའི་ཤམ་བྷ་ལའི་ཚོན་མདོག་རྣམ་པར་བཀྲ་བའི་ཅོ་ནེ་དག་ཡིག་ཁོག”རིག་གནས་ཡུལ་སྐོར་སྤུས་རྟགས་བཏོད་པ། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཧུར་ཐག་གིས་སྤེལ་བ། རིག་གནས་ཀྱི་ཐོན་རྫས་སྤུས་དག་གསར་རྩོམ་དར་སྤེལ་བཏང་ཞིང་རིག་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་མུ་མཐུད་དུ་ཤུགས་བསྣན་པས་རིག་གནས་བྱ་གཞག་ལ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་གསར་བ་ཐོན་ཡོད། མིག་སྔར། རྫོང་ཡོངས་སུ་ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས 15བསྐྲུན་པ་དང་། ཞིང་སྡེའི་གར་སྟེགས་རིམ་རྩིས་བྱས་ན 97བསྐྲུན་ཞིང་རོང་འབྲོག་སྡེའི་དཔེ་ཁང 97བསྐྲུན་ཡོད།།
(དངོས་སྦྱོང་སློབ་མ་བན་དེ་འཚོ་ཡིས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|