中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཅོ་ནེ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་བྱེད་པའི་རིག་རྩལ་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ།
དུས་ཚོད།2022-11-18 17:35:35     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། ཚོགས་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་ལ་བསྐྱལ་ནས་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་པར་གཏོང་ཆེད།  ཅོ་ནེ་རྫོང་གིས་རྫོང་རིག་གནས་སྒྱུ་རྩལ་ཚོགས་པ་དང་རིགས་སོ་སོའི་རིག་རྩལ་མཐུན་ཚོགས་རྩ་འཛུགས་བྱས་ཏེ། དྲིལ་བསྒྲགས་དང་སློབ་གསོ། མང་ཚོགས་ལ་སྣེ་སྟོན་བྱེད་པའི་རིག་རྩལ་དང་བླངས་མཁན་གྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། ཤུགས་ཡོད་རྒུས་ཁྱད་དུ་འཕགས་པའི་བདེ་སྐྱིད་དང་འཆམ་མཐུན་གྱི་རིག་གནས་ཁོར་ཡུག་ཅིག་བསྐྲུན།
    ཉེ་ཆར། རིག་རྩལ་དང་བླངས་ཞབས་ཞུའི་རུ་ཁག་སོ་སོས་མར་རུ་གྲོང་རྡལ་དཔོན་ཡུལ་ཐང་ཆེན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་ཏེ། བརྗོད་དོན་གསལ་ཞིང་གསོན་ཉམས་དོད་པའི་རིག་རྩལ་ལེ་ཚན་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། བྱ་འགུལ་གྱི་ཡུལ་དངོས་སུ་སྙན་ངག་གྱེར་འདོན་དང་གླུ་ལེན་གར་རྩེད་བྱེད་པ་སོགས་རིག་རྩལ་གྱི་རྣམ་པ་མང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུའི་ནང་དོན་མངོན་པར་མཚོན་འདུག་ལ། མང་ཚོགས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་ལོན་པར་སྟབས་བདེ་བསྐྲུན་ཡོད། ཏང་དང་རྒྱལ་ཁབ་ལ་བརྩེ་བ་ཟབ་མོས་བླངས་བའི་བསྟོད་གླུ་དང་འཁྲབ་སྟོན་རབ་དང་རིམ་པས་ས་གནས་དང་འཚམ་ཤིང་མང་ཚོགས་ཀྱིས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་གསར་གཏོད་བྱེད་པའི་མདུན་ལྗོངས་ཀྱང་མངོན་ཡོད།
    རྒྱུས་ལོན་བྱས་པ་ལྟར་ན། ཏང་གི་ཚོགས་ཆེན་ཉི་ཤུ་བ་ཚོགས་རྗེས། ཅོ་ནེ་རྫོང་གིས་ཚོགས་ཆེན་གྱི་སྙན་ཞུ་ལས་བཏོན་པའི་བསམ་བློ་དང་བྱེད་ཐབས་གསར་བར་གཞིགས་ཏེ། རིགས་སོ་སོའི་རིག་རྩལ་མཐུན་ཚོགས་དང་གླུ་གར་ཚོགས་པ་རྩ་འཛུགས་བྱས་ནས། ལེ་ཚན་ལ་འཆར་འགོད་དང་སྒྲིག་བཟོ་བྱས་ཏེ། དང་བླངས་པ་ཚོས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ།  རྗེས་ཕྱོགས་སུ་ད་དུང་མུ་མཐུད་དུ་ས་གནས་དང་འཚམ་ཞིང་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཤོས་ཀྱི་འཁྲབ་སྟོན་མང་པོ་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།།
(རིན་ཆེན་འཚོ་ཡིས།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
  
 
 
 
   
 
 
 
 
   
 
  
 
 
ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། ཚོགས་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་ལ་བསྐྱལ་ནས་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་པར་གཏོང་ཆེད།  ཅོ་ནེ་རྫོང་གིས་རྫོང་རིག་གནས་སྒྱུ་རྩལ་ཚོགས་པ་དང་རིགས་སོ་སོའི་རིག་རྩལ་མཐུན་ཚོགས་རྩ་འཛུགས་བྱས་ཏེ། དྲིལ་བསྒྲགས་དང་སློབ་གསོ། མང་ཚོགས་ལ་སྣེ་སྟོན་བྱེད་པའི་རིག་རྩལ་དང་བླངས་མཁན་གྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། ཤུགས་ཡོད་རྒུས་ཁྱད་དུ་འཕགས་པའི་བདེ་སྐྱིད་དང་འཆམ་མཐུན་གྱི་རིག་གནས་ཁོར་ཡུག་ཅིག་བསྐྲུན།
ཉེ་ཆར། རིག་རྩལ་དང་བླངས་ཞབས་ཞུའི་རུ་ཁག་སོ་སོས་མར་རུ་གྲོང་རྡལ་དཔོན་ཡུལ་ཐང་ཆེན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་ཏེ། བརྗོད་དོན་གསལ་ཞིང་གསོན་ཉམས་དོད་པའི་རིག་རྩལ་ལེ་ཚན་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། བྱ་འགུལ་གྱི་ཡུལ་དངོས་སུ་སྙན་ངག་གྱེར་འདོན་དང་གླུ་ལེན་གར་རྩེད་བྱེད་པ་སོགས་རིག་རྩལ་གྱི་རྣམ་པ་མང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུའི་ནང་དོན་མངོན་པར་མཚོན་འདུག་ལ། མང་ཚོགས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་ལོན་པར་སྟབས་བདེ་བསྐྲུན་ཡོད། ཏང་དང་རྒྱལ་ཁབ་ལ་བརྩེ་བ་ཟབ་མོས་བླངས་བའི་བསྟོད་གླུ་དང་འཁྲབ་སྟོན་རབ་དང་རིམ་པས་ས་གནས་དང་འཚམ་ཤིང་མང་ཚོགས་ཀྱིས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་གསར་གཏོད་བྱེད་པའི་མདུན་ལྗོངས་ཀྱང་མངོན་ཡོད།
རྒྱུས་ལོན་བྱས་པ་ལྟར་ན། ཏང་གི་ཚོགས་ཆེན་ཉི་ཤུ་བ་ཚོགས་རྗེས། ཅོ་ནེ་རྫོང་གིས་ཚོགས་ཆེན་གྱི་སྙན་ཞུ་ལས་བཏོན་པའི་བསམ་བློ་དང་བྱེད་ཐབས་གསར་བར་གཞིགས་ཏེ། རིགས་སོ་སོའི་རིག་རྩལ་མཐུན་ཚོགས་དང་གླུ་གར་ཚོགས་པ་རྩ་འཛུགས་བྱས་ནས། ལེ་ཚན་ལ་འཆར་འགོད་དང་སྒྲིག་བཟོ་བྱས་ཏེ། དང་བླངས་པ་ཚོས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ།  རྗེས་ཕྱོགས་སུ་ད་དུང་མུ་མཐུད་དུ་ས་གནས་དང་འཚམ་ཞིང་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཤོས་ཀྱི་འཁྲབ་སྟོན་མང་པོ་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།། (རིན་ཆེན་འཚོ་ཡིས།)
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།