中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་གྲོས་ཚོགས་རང་ཁུལ་དུ་ཚོགས་པ།
དུས་ཚོད།2022-11-23 19:21:18     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་གྲོས་ཚོགས་རང་ཁུལ་དུ་ཚོགས་པ།
དབྱང་ཝུའུ་ཡིས་སྒྲོག་འགྲེལ་བྱས་པ་དང་དབྱང་ཅུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ནས། ཟླ 11པའི་ཚེས 16ཉིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་གྲོས་ཚོགས་རང་ཁུལ་དུ་ཚོགས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་འཐུས་མི། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་ཀན་ལྷོ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཆེད་དོན་སྒྲོག་འགྲེལ་བྱས།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཅུན་གྱིས་སྙན་ཞུའི་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
    དབྱང་ཝུའུ་ཡིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་གཏན་ཁེལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཀྱི་གོ་གནས་གཏན་ཁེལ་བྱས་པ་ནི་རང་རེའི་ཏང་གི་དུས་རབས་གསར་བར་བླངས་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དེ་རྒྱལ་ཁ་ལེན་པ་ནས་རྒྱལ་ཁ་གསར་བ་ལེན་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཀྱང་ཡིན། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བསམ་བློའི་ཐོག་ནས་སྲོག་ཤིང་ལ་ངོས་འཛིན་གཅིག་མཐུན་དང་། ཆབ་སྲིད་ཐོག་བློ་དཀར་སེམས་དཀར་གྱིས་སྲོག་ཤིང་ལ་བརྩི་བཀུར་ཞུ་བ། བྱ་སྤྱོད་ཐོག་རང་རྟོགས་ཀྱིས་སྲོག་ཤིང་གི་རྗེས་སུ་བསྙེགས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་ལྟེ་བར་གྱུར་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱ་དགོས། སྙན་ཞུའི་ཕྱོགས 15ཐད་ཀྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་སློབ་སྦྱོང་བྱས་ཏེ། “ངེས་པར་དུ་བྱ་དགོས་པ་གསུམ”དང“རྒྱུན་འཁྱོངས་དྲུག”གི་ཕུན་སུམ་ཚོགས་པའི་ནང་དོན་དང་སྙིང་བཅུད་ཀྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། དེའི་དོན་སྙིང་དང་རྒྱུ་མཚན་སྔར་བས་རྟོགས་པ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ། ལག་ལེན་ལ་མཛུབ་ཁྲིད་དང་། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་བསྟན།
    ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ས་གནས་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་པ་དང་། ཁུལ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོའི་འགན་ཁུར་བ་གཙོ་བོ་བཅས་སྙན་ཞུའི་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།