中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།གསར་འགྱུར་མདོར་བསྡུས།
དུས་ཚོད།2022-11-23 19:24:47     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
    ༄༅།། ཟླ 11པའི་ཚེས 16ཉིན་ལ། ཀན་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་དུས་ཚིགས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་གྲོས་ཚོགས་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་གྲོས་ཚོགས་སུ་ཞུགས་པ་མ་ཟད། ཁོས་འགག་རྩ་འཕྱུགས་མེད་འཚོལ་བ་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། དཔལ་འབྱོར་དམིགས་ཚད་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་པ། དམིགས་འབེན་ལ་དམ་པོར་དམིགས་པ། ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བཅས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ཐད་གྲུབ་འབྲས་བཟང་བོ་ཐོབ་པར་བརྩོན་ལེན་བྱ་དགོས་ཞེས་བསྟན།
    གྲོས་ཚོགས་སུ 2022ལོའི་དུས་ཚིགས་གསུམ་གྱི་ཁུལ་ཡོངས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྫོང་དང་གྲོང་ཁྱེར་གྱི་གཙོ་གནད་བྱ་བ་ལེགས་གྲུབ་བྱུང་བའི་གདེང་འཇོག་འབྲས་བུ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ། དེ་མིན་རྫོང་དང་གྲོང་ཁྱེར་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་བརྡ་ཁྱབ་སྤེལ།
    རྨ་ཆུ་རྫོང་དང་བསང་ཆུ་རྫོང་། ཁུལ་ཕྱུགས་ལས་ཕྱུགས་རིགས་སྨན་བཅོས་ཅུས། ཁུལ་བཟོ་ལས་དང་ཆ་འཕྲིན་ཅུས་བཅས་ཀྱིས་གཏམ་བཤད་སྤེལ་རེས་བྱས་པ་དང་། ད་དུང་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བྱ་བ་ཆེད་དོན་བཀོད་སྒྲིག་བྱས།།   

      ༄༅།། ཟླ 11པའི་ཚེས 16ཉིན་ལ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་ཏང་ཙུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་ནན་མོ་དང་དྲིལ་བསྒྲགས། ལག་བསྟར་ལེགས་པོ་བྱེད་པའི་ཆེད་དོན་སློབ་སྦྱོང་གྲོས་ཚོགས་བསྡུས།
    གྲོས་ཚོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྣམ་པས་ཡན་ཨན་གསར་བརྗེའི་དྲན་གསོ་གནས་དང་ཧྲན་ཞི་ཡན་ཨན། ཧོ་ནན་ཨན་དབྱང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ནན་མོ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དང་། ཞིང་ཆེན་དང་ཁུལ་ཨུའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བསམ་འཆར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ནང་དོན་ཁག་ཅིག་བཅས་ལ་སློབ་སྦྱོང་བྱས།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་སློབ་སྦྱོང་རྩ་གནད》 དང ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་བྱ་བའི་ལོ་རྒྱུས་མདོར་བསྡུསསོགས་ལེའུ་དང་ནང་དོན་ཁག་ཅིག་བརྒྱུད་བསྒྲགས་བྱས།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་བཀྲ་ཤིས་འཚོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།