中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང་གྲོས་ཚོགས་བསྡུས་པ།
དུས་ཚོད།2022-11-23 19:26:26     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 15ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་བརྗོད་དོན་དུ་བྱས་ནས་ཆེད་དོན་སློབ་སྦྱོང་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་། ཁོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྐབས་སུ་ལག་ལེན་གཏིང་ཟབ་བྱེད་པ་དང་སེམས་སུ་འཛིན་པ། དོན་དངོས་དང་བསྟུན་ནས་ཀན་ལྷོའི་ལས་དོན་སོ་སོ་གོང་འཕེལ་གཏོང་བའི་རྣམ་པ་གསར་བ་གཏོད་པར་འབད་དགོས་ཞེས་བསྟན།
     གྲོས་ཚོགས་སུ་དབྱང་ཝུའུ་དང་ཧུའུ་ཞའོ་ཧ། ཝང་ཅན་ཅུན། ལུའི་ཀྲེ་ཅུན། ལིའང་ཝེ་ཅི་བཅས་ཀྱིས་གཏམ་བཤད་སྤེལ་རེས་བྱས་ཤིང་། ལྟེ་བའི་ཚན་ཆུང་གི་ཁོངས་མི་གཞན་པ་ཚོས་ཡིག་ཐོག་གཏམ་བཤད་ཡར་སྤྲོད་བྱས།
    དབྱང་ཅུན་དང་མ་ཡུས་ཀྱིས་སོ་སོར 《ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྙན་ཞུའི་སྐོར་གྱི་གྲོས་ཆོད》 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་བོའི་བྱེད་སྐབས་སུ་གནང་བའི་གཏམ་བཤད་གལ་ཆེན་གྱི་ནང་དོན་བརྒྱུད་བསྒྲགས་བྱས།
    བཀྲ་ཤིས་འཚོ་དང་རིན་ཆེན་དོན་གྲུབ་གྲོས་ཚོགས་སུ་ཞུགས།
    ཡུས་ཁྲིན་ཧུའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དང་ཟུང་འབྲེལ་བྱེད་པ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། ལས་དོན་སོ་སོ་གཏན་འཇགས་དང་བཅོས་སྒྱུར་གོང་འཕེལ་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་སློབ་སྦྱོང་ལེགས་པོ་བྱེད་པ། དྲིལ་བསྒྲགས་རྣམ་དག་བྱེད་པ་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་དགོས་པ་དང་། རྒྱུན་དུ་སློབ་སྦྱོང་དང་རྒྱུན་དུ་གསར་བ་དང་ལེན་བྱེད་པའི་ཐད་འབད་པ་དང་གོ་བ་གཏིང་ཟབ་ལེན་པར་ཤུགས་སྣོན་པ། སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་པ། གྲོས་ཚོགས་ཀྱི་ནང་དོན་གསལ་རྟོགས་བྱེད་པར་འབད་པ་བྱེད་པ། ཤེས་བྱ་དང་ལག་ལེན་ཟུང་འབྲེལ་བྱེད་པར་བརྩོན་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ལས་དོན་སོ་སོའི་གཏན་འཇགས་དང་བཅོས་སྒྱུར་གོང་འཕེལ་ཁྲོད་དུ་མངོན་པར་བྱས་ནས། ཏང་གི་གསར་འབྱེད་གཞུང་ལུགས་ཀྱི་བདེན་དོན་འོད་སྣང་དང་ལག་ལེན་གྱི་ཟིལ་ཤུགས་དེ་ཀན་ལྷོའི་ཡུལ་གྲུ་ཀུན་ཏུ་ཁྱབ་པར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་གྱིས་བསྟན།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།