中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ཡུས་ཁྲིན་ཧུའེ་ཡིས་རིམས་ནད་སྔོན་འགོག་བྱ་བར་རྟོག་ཞིབ་བྱས་པ།
དུས་ཚོད།2022-11-24 21:18:02     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཡུས་ཁྲིན་ཧུའེ་འབྲུག་ཆུ་དང་ཅོ་ནེ། ལིན་ཐན་བཅས་སུ་སོང་ནས་རིམས་ནད་སྔོན་འགོག་བྱ་བར་རྟོག་ཞིབ་བྱས་པ།  \     ཟླ11པའི་ཚེས22ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་འབྲུག་ཆུ་རྫོང་དང་ཅོ་ནེ་རྫོང་།ལིན་ཐན་རྫོང་བཅས་སུ་སོང་ནས། ཡུལ་དངོས་སུ་འབྲུག་ཆུ་རྫོང་གི་རིམས་ནད་སྔོན་འགོག་བྱ་བར་བཀོད་གཏོང་བྱས་པ་མ་ཟད། རྒྱུན་ནམ་ཅན་གྱི་རིམས་ནད་སྔོན་འགོག་གི་ཐབས་ཇུས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་བྱས།
    འབྲུག་ཆུ་རྫོང་རིམས་ནད་སྔོན་འགོག་བྱ་བའི་བཀོད་གཏོང་ཚོགས་འདུའི་སྟེང་དུ། ཡུས་ཁྲིན་ཧུའེ་ཡིས་མཐའ་འཁོར་གྱི་རིམས་ནད་ཡང་སྐོར་བསྐྱར་སྐོར་པ་ཡིན་ལ། ཉེན་ཁ་ཇེ་ཆེ་ནས་ཇེ་ཆེ་རེད། སྐོར་འདིའི་ཕྱི་ནས་མཆེད་པའི་རིམས་ནད་ཀྱི་རྣམ་པ་དེ་རྒྱ་ཆེ་ཞིང་ཚབས་ཆེན་ཞིག་མངོན་འདུག  གཅིག་ནི་གོང་འོག་མཉམ་འགུལ་ནི་དཀའ་ཁག་སེལ་བའི་སྟོབས་ཤུགས་ཞིག་ཡིན་པས། ངེས་པར་དུ་ཕན་ཚུན་མཐུན་སྦྱོར་བྱེད་པའི་ཁྲོད་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་བ། གཉིས་ནི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་ཕན་ནུས་ཡོད་པའི་ཐབས་ལམ་ཞིག་ཡིན་པས། ངེས་པར་དུ་སྔོན་འགོག་ནན་མོ་བྱ་དགོས། གསུམ་ནི་ཉིང་བསྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་གྲལ་བཤེར་བྱེད་པ་ཇེ་མགྱོགས་སུ་གཏོང་བ་ནི་ཆེས་ཐད་ཀའི་ཐབས་ལམ་ཞིག་ཡིན་པས།  ངེས་པར་དུ་མགྱོགས་མྱུར་ངང་མ་དཔེ་ཚད་ལེན་དང་མགྱོགས་མྱུར་ངང་སྐྱེལ་བ། མགྱོགས་མྱུར་ངང་ཞིབ་བཤེར་བཅས་བྱས་ནས་མཇུག་འབྲས་མགྱོགས་མྱུར་གྱིས་ཐོན་པར་ཤུགས་རྒྱག་དགོས། བཞི་ནི་ལོག་བཀར་ས་ཚིགས་རྒྱ་ཆེ་རུ་གཏོང་བ་ནི་དགོས་མཁོ་ཆེ་ཤོས་ཤིག་ཡིན་པས། ངེས་པར་དུ་ནུས་པ་ཡོད་རྒུས་ཐག་གཅོད་བྱ་དགོས། ལྔ་ནི་ཕྱི་ནས་ཡོང་བའི་མི་སྣར་དོ་དམ་ཚོད་འཛིན་བྱེད་ཚད་ཆེ་བ་དང་གྲུབ་ཚུལ་རྙོག་འཛིང་ཆེ་བ། གནས་བབ་ཛ་དྲག་ཆེ་བ་བཅས་ཡོད་པས།    ངེས་པར་དུ་ཆེད་བསྐོས་མི་སྣས་ཆེད་འགན་ཁུར་ནས། སྐྱོན་ཆ་གཅིག་ཀྱང་འབྱུང་དུ་མི་འཇུག་པ་བྱ་དགོས། དྲུག་ནི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་ནི་རྒྱབ་སྐྱོར་ཆེན་པོ་ཡིན་པས།  ངེས་པར་དུ་མདུན་དུ་སྐྱོད་ནས་འགན་འཁྲི་འཁུར་ཕོད་པ་བྱ་དགོས། བདུན་ནི་གྲོང་གསེབ་ནི་ང་ཚོས་སྣང་མེད་དུ་འཇོག་པའི་ཆ་ཤས་ཤིག་ཏུ་འགྱུར་མི་རུང་བས། ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམིགས་བསལ་གྱི་བྱ་བ་དམིགས་སུ་བཀར་ནས་མགྱོགས་མྱུར་ངང་སྒྲུབ་དགོས།  བརྒྱད་ནི་རྫོང་མཁར་གྱིས་རྫོང་ཡོངས་སུ་ནུས་པ་གཙོ་བོ་ཐོན་ཡོད་པས།  ངེས་པར་དུ་བྱེད་ཐབས་ཡོད་ཚད་སྤྱད་དེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་གཙང་སེལ་བྱེད་པར་འབད་པ་བྱ་དགོས་ཞེས་བསྟན།\
    ཡུས་ཁྲིན་ཧུའེ་ད་དུང་ཅོ་ནེ་རྫོང་དང་ལིན་ཐན་རྫོང་གི་རིམས་ནད་སྔོན་འགོག་གི་འགྲིམ་འགྲུལ་འགག་སྒོ་རུ་སོང་ནས། ཕྱིར་ལོག་པའི་ཡར་ཞུའི་མིང་ཐོ་དང་འབྱོར་ལན་ཞིབ་བཤེར། ཆ་འཕྲིན་སྐུར་བ་དང་ཆ་འཕྲིན་མཉམ་སྤྱོད། ཉིང་བསྐྱུར་བརྟག་དཔྱད། གཅིག་བཤེར་གསུམ་ཞིབ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། ས་ཚིགས་ཀྱི་འགན་ཁུར་ལམ་ལུགས་དང་གསལ་རྟོགས་འདྲི་གཅོད། བྱ་བྱེད་པའི་རང་ཉིད་འགོག་སྲུང་བཅས་ལེགས་པོ་བྱ་དགོས་པའི་བླང་བྱ་བཏོན།
     ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧུའུ་ཞའོ་ཧྭ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིའམ། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ལུའུ་སོགས་བཀོད་གཏོང་ལ་ཞུགས།།
(བཀྲ་ཤིས་གཡང་མཚོ་ཡིས་བསྒྱུར།)
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།