མང་ཚོགས་ལ་སྣེ་ཁྲིད་པ་དང་མང་ཚོགས་རྩ་འཛུགས་བྱེད་པ། མང་ཚོགས་ལ་བརྟེན་པ་གཙོ་བོ་ཡིན་པ་བཅས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་བླང་བྱ་ལྟར། བསང་ཆུ་རྫོང་གིས་ཤང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་བ་བྱེད་ཐབས་སྣ་མང་གི་སྒོ་ནས་འདུམ་འགྲིག་བྱེད་པའི་རྣམ་པ་གསར་བ་ཞིག་ཆགས།
ཉིན་རེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་དུ། བསང་ཆུ་རྫོང་སྒྱིས་ཚང་ཤང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚོམས་ཆེན་དུ་མང་ཚོགས་རྣམས་ཀྱིས་སྔ་མོ་ནས་ཞབས་ཞུའི་སྒེའུ་ཁུང་སོ་སོ་ནས་གྲལ་བསྒྲིགས་བཞིན་པའི་སྒང་ཡིན་ལ། ལས་བྱེད་པ་རྣམས་ཀྱིས་ཀྱང་ནན་ཏན་སྒོས་གནས་ཚུལ་རྒྱུས་ལོན་བྱས་ནས། ཁོ་ཚོར་རེ་རེ་བཞིན་གསལ་བཤད་བྱེད་བཞིན་འདུག བསང་ཆུ་རྫོང་གི་ཞིང་སྡེའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་ཚད་ལྡན་ཅན་དུ་བཏང་བ་ཡིས། ས་གནས་མང་ཚོགས་ཀྱིས་རང་དང་འབྲེལ་བའི་བྱ་བ་སྒྲུབ་པར་སྟབས་བདེ་སྐྲུན་པ་མ་ཟད། དུས་ཚོད་ཀྱང་དམ་འཛིན་བྱས།  སྤྱི་བདེ་དང་ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན། མི་དོན་ཅུས་སོགས་ཀྱི་ལས་ཁུངས་ཀྱིས་མཉམ་དུ་བསྡེབས་པ་གཙིགས་སུ་བཟུང་ཏེ། སྟབས་བདེ་ཅན་དང་ལས་ཕྱོད་ཅན། དོན་གཉེར་ཅན། དམངས་དོན་ཅན་བསྐྲུན་པ་དམིགས་འབེན་དུ་བྱས་ནས། ཤང་གྲོང་རྡལ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བསྐྲུན་པར་ནུས་པ་བཏོན།
གཞི་རིམ་བཅོས་སྐྱོང་གི་མི་དམངས་འདུམ་འགྲིག་པའི་ནུས་པ་ཆེར་འདོན་པ་དང་ཆབས་ཅིག་ཏུ། བསང་ཆུ་རྫོང་གིས་བསམ་གཞིགས་སྙོམ་སྒྲིག་དང་བྱེད་ཐབས་གསར་གཏོད་ཀྱིས། རྫོང་ཡོངས་ཀྱི་ཤང་གྲོང་རྡལ14དང་སྲིད་འཛིན་སྡེ་བ65རུ་བློ་འདྲི་ས་བཀོད་སྒྲིག་བྱས་ནས། མང་ཚོགས་ལ་བཅའ་ཁྲིམས་ཀྱི་བློ་འདྲི་ས་དང་གཏུག་བཤེར། གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་ཞབས་ཞུ་སོགས་མཁོ་སྤྲོད་བྱས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཁང་ཆུང་གྲུ་བཞིའི་ནང་དུ་བརྩེ་བས་ཁེངས་ཡོད་ལ། གནོད་མེད་ལྔའི་ཀན་ལྷོ་དང་བཅུ་ཡོད་གཞིས་ཁྱིམ། ཁྱད་ཆོས་ལྔ་ལྡན་གྱི་བསང་ཆུ། དཔེ་སྟོན་ལྔའི་རྫོང་བསྐྲུན་པར་བདེ་འཇགས་འཆམ་མཐུན་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིག་སྐྲུན།།
(ཀུན་མཚོ་སྐྱིད་ཀྱིས།)
རྩོམ་སྒྲིག་པ། པདྨ་འཚོ།
|