ཞུས་ཁོ་ཆང་གིས་ཀྲུང་གོའི་མཚོ་སྣུམ་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་བསང་ཆུ་རྫོང་གི་གཏན་འཁེལ་རོགས་སྐྱོར་རྣམ་གྲངས་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།
ཟླ11པའི་ཚེས23ཉིན་ལ། ཀྲུང་གོའི་མཚོ་སྣུམ་ཚོགས་པའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ལས་འཛིན་པ་ཞུས་ཁོ་ཆང་གིས་ཀྲུང་གོའི་མཚོ་སྣུམ་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ།བསང་ཆུ་རྫོང་གི་གཏན་འཁེལ་རོགས་སྐྱོར་རྣམ་གྲངས་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཀྲིན་ལིན་དང་རིག་གནས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གི་འགན་ཁུར་མི་སྣས་རྟོག་ཞིབ་ལ་འགྲོ་རོགས་བྱས།
རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པ་སྔ་གཞུག་ཏུ་བླ་བྲང་གྲོང་རྡལ་ཐང་ནག་གོང་མ་དང་ཆུ་སྔོན་ཤང་ཧཱུཾ་ཡག་སྡེ་བ་བཅས་སུ་སོང་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན། ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་སོགས་གཏན་འཁེལ་རོགས་སྐྱོར་རྣམ་གྲངས་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། བསང་ཆུ་རྫོང་གི་རོགས་སྐྱོར་རྣམ་གྲངས་འཛུགས་སྐྲུན་སྐུལ་འདེད་བཏང་བའི་བྱ་བར་གདེངས་འཇོག་ཚད་མཐོན་པོ་བྱས། 
བསང་ཁོག་དང་ཧཱུཾ་ཡག་སྡེ་བ་སོགས་ཀྱི་ཡུལ་སྐོར་ལྗོངས་ཁུལ་ནས་ཞུས་ཁོ་ཆང་གིས་ཡུལ་སྐོར་ལམ་ཐིག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལྗོངས་ཁུལ་གྱི་འཁོར་སྐྱོད་ཚོང་གཉེར་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། རྟོག་ཞིབ་ཚན་ཆུང་གིས་བསང་ཆུ་རྫོང་གི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཡུལ་སྐོར་གྱི་ལེགས་ཆ་འབུར་དུ་ཐོན་པས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བྱ་བའི་ཁྲོད་དུ་སྐྱེ་ཁམས་ཀྱི་ལེགས་ཆ་བེད་སྤྱད་པ་དང། སྔར་ཡོད་ཀྱི་ཁྱད་ཆོས་ལྡན་པའི་རྨང་གཞིའི་སྟེང་དུ་འཕེལ་རྒྱས་གསར་བའི་རྒྱུ་ཆ་མཉམ་འདྲེས་སྒོས་ཁྱས་ཆོས་འབུར་ཐོན་གྱི་ལྗོངས་ཁུལ་དང་མཛེས་སྡུག་གི་ཞིང་སྡེ་གསར་སྐྲུན་བྱ་དགོས་པའི་བླང་བྱ་བཏོན།
ཞུས་ཁོ་ཆང་གིས་རིམ་པ་རྗེས་མར། ཀྲུང་གོའི་མཚོ་སྣུམ་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་བཅས་དང་བསྟུན་ནས། མུ་མཐུད་དུ་རོགས་སྐྱོར་སྟེང་དུ་ཤུགས་བསྣན་པ་དང་མཉམ་འབྲེལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་དུ་བཏང་སྟེ། མཉམ་དུ་བསང་ཆུའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འཆར་འགོད་བྱ་རྒྱུ་ཡིན་ཞེས་བཤད། 
རྟོག་ཞིབ་ཁྲོད་དུ། དབྱང་ཀྲིན་ལིན་གྱིས་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་ཚབ་བྱས་ནས།ཀྲུང་གོའི་མཚོ་སྣུམ་གྱིས་ལོ་མང་པོའི་རིང་དུ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོས་ཀྲུང་གོའི་མཚོ་སྣུམ་དང་བསང་ཆུ་རྫོང་གིས་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པ་ནས་བཟུང་། བསང་ཆུ་རྫོང་གི་ཐོན་ལས་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ། མི་སྡོད་ཁོར་ཡུག་བཅས་ལ་ཕན་ནུས་ལྡན་པའི་དོན་དངོས་རོགས་སྐྱོར་བྱས་པ་དང་། བསང་ཆུའི་རིགས་སོ་སོའི་བྱ་གཞག་ཐད་ལ་ཀྲུང་གོའི་མཚོ་སྣུམ་གྱིས་སྟོབས་ཤུགས་ཕུལ་ཡོད་ལ། གྲོང་གསེབ་དར་སྤེལ་གྱི་བྱ་བའི་ཁྲོད་དུ་བསང་ཆུ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་མཚོ་སྣུམ་གྱི་གཞན་ཕན་བརྩེ་བ་དང་རྒྱབ་སྐྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བརྩིས་ནས། ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་ཡིན་ཞེས་བསྟན།།
( ལྷ་མོ་སྐྱིད་ཀྱིས།)
རྩོམ་སྒྲིག་པ། པདྨ་འཚོ།
|