བསང་ཆུ་རྫོང་ཨུའི་སྒྲོག་འགྲེལ་ཚོགས་པས་ཤང་གྲོང་རྡལ་སོ་སོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་བ།
ཟླ11པའི་ཚེས24ཉིན་ལ། བསང་ཆུ་རྫོང་ཨུའི་སྒྲོག་འགྲེལ་ཚོགས་པས་ཤང་གྲོང་རྡལ་སོ་སོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ།
སྒྲོག་འགྲེལ་ཚོགས་པ་རྒན་གྱ་དང་བསང་ཁོག ཁོ་ཚེ། བང་གུར་ཐང་། ཆུ་སྔོན་སོགས་ཤང་དང་གྲོང་རྡལ་སོ་སོ་རུ་སོང་ནས། ཁ་གསལ་གོ་བདེའི་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུའི་མྱོང་ཚོར་བརྗོད་དོན་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་མ་ཟད། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་གྲྭ་བཙུན་རྣམས་སྣེ་ཁྲིད་ནས་བསམ་བློ་དང་སྤྱོད་པ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་ཐད་གཅིག་གྱུར་བྱས་ནས། གནོད་མེད་ལྔའི་ཀན་ལྷོ་དང་བཅུ་ཡོད་གཞིས་ཁྱིམ། ཁྱད་ཆོས་ལྔ་ལྡན་གྱི་བསང་ཆུ། དཔེ་སྟོན་ལྔའི་རྫོང་བསྐྲུན་པའི་ནུས་པ་ཆེན་པོ་བཏོན།
སྒྲོག་འགྲེལ་ཚོགས་པའི་འཆད་ཁྲིད་དགེ་རྒན་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུར་དམིགས་ཏེ།བསམ་བློ་དང་ལྟ་བ། འཐབ་ཇུས་བཅས་ཤང་དང་གྲོང་རྡལ་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་འདས་པའི་ལོ་ལྔ་དང་དུས་རབས་གསར་བའི་ལོ་བཅུའི་འཕོ་འགྱུར་ཐད་ནས་འགྲེལ་བཤད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ནུས་པ་བཏོན།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་ནས་སྤེལ་བཞིན་ཡོད་པ་མ་ཟད། སློབ་གྲྭ་དང་གྲོང་ཁུལ། དགོན་པ། སྡེ་བ། ཁེ་ལས་སོགས་སུའང་གཏིང་ཟབ་སྒོས་སྤེལ་ནས་ཏང་གི་གསུངས་དབྱངས་ཕྱོགས་བཞིར་སྒྲོག་པར་ནུས་པ་གང་མང་འདོན་བཞིན་ཡོད།།
(ཀུན་མཚོ་སྐྱིད་ཀྱིས།)
རྩོམ་སྒྲིག་པ། པདྨ་འཚོ།
|