ཀན་སུའུ་ཞིང་ཆེན་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དེ་རིང་སྔ་དྲོར་ལན་ཀྲོའུ་རུ་གཟབ་རྒྱས་ངང་ཚོགས་པ།
ཐེངས་འདིའི་ཚོགས་འདུར་ཞུགས་དགོས་པའི་འཐུས་མི503ཡོད་པ་དང་ཚོགས་ཆེན་ལ་དངོས་སུ་ཞུགས་པའི་འཐུས་མི492ཡོད་པས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
ཐེངས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧུའུ་ཁྲང་ཧྲེན་དང་རེན་ཀྲེན་ཧོ། ཨོའུ་དབྱང་ཅན། ཀྲོང་གོ་ཐའེ། ཧྲི་མོའུ་ཅུན། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། མཱ་ཐིང་ལི། ཧུའུ་ཀྲུའོ། མཱ་ཆིང་ལིན། ཁྲེན་ཁེ་ཀུང་། ཝུའུ་མིང་མིང་། ལི་ཕེ་ཤིན། ཡུས་ཁྲིན་ཧུའེ། ཏའེ་ཁྲའོ། ལི་ཏེ་ཤིན་བཅས་ཀྱིས་གཙོ་འགན་ཁུར།
སྔ་དྲོའི་དུས་ཚོད9ཡི་སྟེང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧུའུ་ཁྲང་ཧྲེན་གྱིས་ཀན་སུའུ་ཞིང་ཆེན་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཧྲིན་ཀྲང་རེན་ཀྲེན་ཧོ་ཡིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ《སྲིད་གཞུང་གི་བྱ་བའི་སྙན་ཞུ》ཕུལ།།
རྩོམ་སྒྲིག་པ། པདྨ་འཚོ།
|