ཟླ1པའི་ཚེས19ཉིན་གྱི་ཕྱི་དྲོར། གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་གྲུབ་བྱུང་རྗེས། ཀན་སུའུ་ཞིང་ཆེན་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ལན་ཀྲོའུ་རུ་བདེ་བླག་ངང་མཇུག་སྒྲིལ།
འདས་ཟིན་པའི་ཉིན5ཡི་ནང་། ཞིང་ཆེན་སྐབས་བཅུ་བཞི་བའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བས་འབྲུ་རིགས་བདེ་འཇགས་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བདག་སྐྱོང་། ཚན་རྩལ་གསར་གཏོད། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་སོགས་ལ་དམིགས་ཏེ། བློ་བསྡུས་དགེ་འཚོལ་དང་ཇུས་ཤུགས་མཉམ་འདོན་བྱས་ནས། བསྡོམས་པས་གྲོས་གཞི541བཏོན་པ་དང་། དམངས་ཀྱི་འདོད་བློ་གང་ལེགས་མཚོན་པར་བྱས་ཏེ། ཀན་སུའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ཇུས་བཏོན་པ་རེད།
གྲོས་ཚོགས་སུ་ཧུའུ་ཁྲང་ཧྲེན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་དུ་བདམས་པ་དང་། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ།(བོད་རིགས།) མ་ཐིན་ལི། (ཧུའེ་རིགས།) ཧུའུ་ཀྲའོ། ལི་ཕེ་ཞིན། ཡུས་ཁྲིན་ཧུའེ། ཏའེ་ཁྲའོ་བཅས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པར་འདེམས་བསྐོ་བྱས། རེན་ཀྲེན་ཧོ(ཧོར་རིགས)ཧྲིན་ཀྲང་དུ་བདམས། ཁྲེན་ཞའོ་པོ་དང་ཀྲང་ཅིན་ཀང་། ཀྲའོ་ཅིན་ཡུན།(མོ) ལིས་ཀང་། ལེ་སི་ཝེ། ཧོང་རུའེ་ཞུའེ། ཁྲེན་ཏེ་ཞིན་བཅས་ཧྲིན་ཀྲང་གཞོན་པར་བདམས། ཝང་ཧྥུ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་པ་དང་། ཝང་ཀྲུང་མིན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བདམས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|