中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་ལོ་སར་སྐབས་ཀྱི་ལས་རེས་མི་སྣར་འཚམས་འདྲི་བྱས་པ།
དུས་ཚོད།2023-01-23 17:41:44     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཡུས་ཁྲིན་ཧུའེ་ཡིས་ལོ་སར་སྐབས་ཀྱི་ལས་རེས་མི་སྣར་འཚམས་འདྲི་བྱེད་སྐབས་སུ། ལོ་སར་གྱི་སྐབས་སུ་ཞབས་ཞུའི་འགན་ལེན་གྱི་བྱ་བ་དམ་འཛིན་དང་བརྩེ་སེམས་ཟབ་མོས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་འཆམ་མཐུན་སྲུང་དགོས་ཞེས་བསྟན།
    ཟླ1པའི་ཚེས22ཉིན་ལོ་སར་གྱི་ཚེས་གཅིག་ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ལས་རིགས་སོ་སོའི་ལོ་སར་སྐབས་ཀྱི་འཐབ་ས་དང་པོའི་ལས་རེས་མི་སྣར་འཚམས་འདྲི་དང་ལོ་སར་གྱི་རྟེན་འབྲེལ་ཞུས།  ཁོས་ལོ་སར་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་སེམས་གཏིང་ནས་མི་བརྗེད་པར་བརྩེ་སེམས་ཟབ་མོས་དགའ་སྤྲོ་དང་འཆམ་མཐུན་བདེ་འཇགས་ཀྱི་ལོ་སར་ཞིག་རོལ་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

\
    ཁུལ་མི་དམངས་སྨན་ཁང་ནས་ཡུས་ཁྲིན་ཧུའེ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་བསྒྱུར་སྙོམས་སྒྲིག་བྱས་རྗེས་ཀྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ནས་ནད་པར་བརྟག་དཔྱད་བྱ་ཚུལ་དང་སྨན་རྫས་སྒྲིག་སྦྱོར། ནད་པ་དྲག་བསྐྱེད་བྱུང་ནས་སྨན་ཁང་ལས་སྒོར་འབུད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས།

\
    ཁུལ་སྤྱི་བདེ་ཅུས་ཀྱི་བཀོད་འདོམས་ལྟེ་གནས་སུ་ཡུས་ཁྲིན་ཧུའེ་ཡིས་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བརྒྱུད་ནས་ཁུལ་ཡོངས་ཀྱི་བདེ་འཇགས་བརྟན་སྲུང་གི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་མ་ཟད། མི་དམངས་ཉེན་རྟོག་པ་དང་རོགས་སྐྱོར་ཉེན་རྟོག་པ་དང་ཁོ་ཚོའི་གཉེན་ཉེ་ཡོངས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། ཁོས་ཉེ་བའི་ལོ་དུ་མའི་རིང་ལ་ཁུལ་ཡོངས་ཀྱི་བདེ་འཇགས་མ་ལག་གི་དར་ཆ་མངོན་གསལ་ཡིན་པ་དང་། ཁ་བྲལ་ལ་ངོ་རྒོད་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པ། བདེ་འཇགས་ཀྱི་ཀན་ལྷོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ། ལྷག་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་བདེ་འཇགས་བརྟན་སྲུང་གི་བྱ་བ་འགོ་བརྩམས་པ་ནས་བཟུང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་རོགས་སྐྱོར་ཉེན་རྟོག་པ་ཚང་མས་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་བདེ་འཇགས་བརྟན་སྲུང་གི་འོས་འགན་ལེགས་འགྲུབ་བྱུང་བས། ཁོ་ཚོའི་བྱ་བར་ཁུལ་ཨུའི་ཁས་ལེན་གང་ལེགས་བྱས་ཡོད་ཅེས་བསྟན།
 
\
    དེའི་འཕྲོད་ནས་ཡུས་ཁྲིན་ཧུའེ་འཁོར་དང་བཅས་པ་ཀན་ལྷོའི་གསར་འགྱུར་ཁང་དང་ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ཡོང་ནས་ལས་རེས་བྱེད་བཞིན་པའི་གསར་འགྱུར་བྱ་བྱེད་མཁན་ལ་འཚམ་འདྲི་ཞུས། ཡུས་ཁྲིན་ཧུའེ་ཡིས་ཉེ་བའི་ལོ་ཤས་རིང་ལ་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་སྨྱན་སྦྱོར་བྱ་བྱེད་མཁན་གྱིས་དུས་རབས་ཀྱི་བརྗོད་བྱ་གཅིག་བསྡུས་དང་ལྟེ་བའི་བྱ་བ་དམ་དུ་བཟུང་ནས། དོ་ཁུར་བྱེད་ཚད་མཐོ་ཞིང་ཤུགས་རྐྱེན་ཟབ་པའི་གསར་འགྱུར་བརྩམས་ཆོས་མང་པོ་བཏོན་པ་དང་། ཀན་ལྷོའི་གཏམ་རྒྱུད་བཤད་པ་དང་ཀན་ལྷོའི་སྙན་དབྱངས་སྒྲོག་པ། ཀན་ལྷོའི་རྣམ་པ་བཏོད་པར་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་ཅེས་བསྟན།
 
\
 
  གཙོས་གྲོང་ཁྱེར་ཤར་ལམ་གཉིས་པ་ནས་ཁོར་ཡུག་སྲུང་སྐྱོང་བ་ལུང་ཞོའུ་ལན་དང་རྣམ་རྒྱལ་གྱིས་གཙང་སྦྲ་བྱེད་བཞིན་པ་མཐོང་རྗེས་ཡུས་ཁྲིན་ཧུའེ་ཁོ་ཚོའི་འགྲམ་དུ་སོང་ནས་བརྩེ་སེམས་ཟབ་མོས་ཕ་ཡུལ་གང་ནས་ཡིན་པ་དང་ལུས་པོ་བདེ་ཐང་ཡིན་མིན། ཁོར་ཡུག་སྲུང་སྐྱོང་བྱ་བ་གཉེར་ནས་ལོ་ག་ཚོད་འགོར་ཡོད་པ། ཁྱིམ་མི་ཚོ་བདེ་འཚམ་ཡིན་མིན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཁོས་ནངས་སྔ་ལངས་དང་དགོས་འཕྱི་ཉལ། དཀའ་བ་དང་དུ་བླངས་ཤིང་གྲང་ངར་རྒྱབ་ཏུ་བསྐྱུར་ནས་གྲོང་ཁྱེར་གྱི་སྲང་ལམ་ཚང་མ་གྲལ་དག་ཅིང་གཙང་བ་དང་གྲོང་ཁྱེར་གྱི་སྤུས་ཀ་ཇེ་ལེགས་སུ་བཏང་བས། ཁྱོད་ཚོ་ནི་ཆེས་གཅེས་སུ་འོས་པ་ཡིན་པས། ཁྱོད་ཚོར་གུས་འདུད་ཞུ་འོས་ཞེས་བསྟན་པ་མ་ཟད་ཁོ་ཚོས་བདེ་འཇགས་ལ་དོ་སྣང་དང་དྲོན་པོ་བྱ་དགོས་པ། ལུས་པོ་བདེ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལེའང་ཝེ་ཅི་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡུས་ཅང་གིས་མཉམ་དུ་འཚམས་འདྲི་བྱས།།
(པདྨ་འཚོ་ཡིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།