中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཤོག་ཕོར་ཆུང་ཆུང་གིས་ཐུན་མོང་དཔལ་འབྱོར་ལ་གསོན་ཤུགས་ལྡན་པར་བཅུག་པ།
དུས་ཚོད།2023-03-14 18:56:17     རྩོམ་གྱི་ཡོང་ཁུངས། ཅོ་ནེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།    ཆུང་། | འབྲིང་། | ཆེ།
\

    དབུལ་ཐར་མཁྲེགས་གཏོར་གྱི་འབྲས་བུ་དང་ཞིང་སྡེ་དར་སྤེལ་གཉིས་སྤུས་མཐོའི་སྒོས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་ལམ་བུ་རྒྱ་ཆེར་གཏོང་ཆེད།  ཅོ་ནོ་རྫོང་ལྕང་ཚལ་གྲོང་རྡལ་གྱི་སྡེ་བ་སོ་སོས་ཡུལ་བབ་དང་བསྟུན་ནས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་ལམ་བུ་གཏོད་ཅིང་། ཅོ་ནེ་ཕུ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་ཐོན་སྐྱེད་བྱས་པའི་ཤོག་བུས་བཟོས་པའི་ཇ་ཕོར་གྱིས་དཀའ་ཁག་མང་ཚོགས་ལ་སྒོ་འགྲམ་ནས་ལས་ཞུགས་ཐུབ་པའི་ཕྱུག་འགྱུར་འདུན་མ་མངོན་འགྱུར་བྱས་པར་བཅུག
 
\

    ཅོ་ནེ་ཕུ་སྡེ་བའི་ཤོག་ཕོར་ལས་སྣོན་འཁོར་ཁང་དུ་ཤོག་བུས་བཟོས་པའི་ཇ་ཕོར་ཆུང་ཆུང་རེ་རེས་རིག་ནུས་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་ཡོངས་ཉམས་སུ་མྱངས་ཏེ། པར་རྒྱག་དང་གཅོད་འདྲེག ཐོན་རྫས་གྲུབ་མ་བཅས་ཀྱི་གོ་རིམ་སོ་སོ་བརྒྱུད་མཐར་བཟོ་སྐྲུན་གྱི་རྒྱུ་ཆ་སྤུས་དག་ཅིང་བཟོ་རིམ་ཆ་ཚང་བའི་སྤུས་ལེགས་ཤོག་ཕོར་བཟོས་ཏེ། ལྕང་ཚལ་གྲོང་རྡལ་ཐུན་མོང་དཔལ་འབྱོར་གྱི་ཐོན་སྐྱེད་ཁྲོད་སྒུལ་ཤུགས་གསར་བ་བསྣན།
 
\

    རྒྱུས་ལོན་པ་ལྟར་ན། མིག་སྔར་ཅོ་ནེ་ཕུ་སྡེ་བའི་ཤོག་ཕོར་ལས་སྣོན་འཁོར་ཁང་དུ་ལས་བཟོ་བ་མི8ཡོད་ལ། གོང་རིམ་གྱི་བླང་བྱ་ལྟར་དུས་ཚོད8ལ་བྱ་བ་བསྒྲུབ་པའི་ལམ་ལུགས་བཙུགས་ཤིང་།  ཐོན་སྐྱེད་རྣམ་པ་རང་ཚུགས་ཚོང་རྫས་ཀྱི་ལས་སྣོན་དང་ཚབ་བྱེད་ལས་སྣོན་གཉིས་ཀྱི་རྣམ་པ་སྤྱད་དེ་འཁོར་སྐྱོད་བྱེད་བཞིན་ཡོད་ལ། འཕྲུལ་ཆས3གྱིས་ཉིན་རེར་ཚོང་རྫས200ཐོན་སྐྱེད་བྱ་ཐུབ་ལ།  བཟོ་གྲྭ་ལས་འགོ་ཚུགས་མ་ཐག་ཡིན་པའི་དབང་གིས་ཚོང་དེ་འདྲའི་མི་བཟང་ལ་ཐོན་སྐྱེད་བྱེད་ཚད་ཀྱང་དེ་བཞིན་གྱིས་ཉུང་བ་དང་། ཉིན་རེར་ཤོག་ཕོར100ལྷག་ལས་སྣོན་བྱས་ཚེ། ལོ་རེར་སྒོར་ཁྲི5ཡི་ཡོང་འབབ་ཡོད་ལ།  ཐོན་སྐྱེད་ཀྱི་འཁོར་སྐྱོད་རིམ་བཞིན་ཚད་ལྡན་ཅན་དང་ཚོང་ཟོག་མངག་ཐོ་ཇེ་མང་དུ་སོང་བ་དང་བསྟུན་ནས། ཐོན་སྐྱེད་གཞི་ཁྱོན་ཀྱང་རིམ་བཞིན་རྒྱ་ཆེར་བཏང་སྟེ་ཁེ་ཕན་རིམ་བཞིན་ཇེ་མཐོར་ཡོང་ངེས།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།