ཟླ3པའི་ཚེས13ཉིན་ལ། ཁུལ་དཔོན་གཞོན་པ་ཝང་ཧྥང་གིས་ཁུལ་སྲིད་གཞུང་གི་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ། ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བྱ་བར་རྟོག་ཞིབ་བྱས།
ཁོ་ཚོ་སྔ་རྗེས་སུ་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དང་འཁྲབ་གཏོང་ཁང་། སྒྲ་ལེན་ཁང་དང་བདེ་འཇགས་ཕྱིར་གཏོང་ཁང་སོགས་སུ་སོང་ནས་སོ་སོའི་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གླེང་ཕྱོགས་ཁག་སྤེལ་ས་གཙོ་བོ་ཡིན་པས། ཡང་དག་པའི་ཆབ་སྲིད་ཀྱི་ཁྲིད་སྟོན་འོག་བརྒྱུད་སྒྲོག་དང་ལེ་ཚན་གྱི་སྤུས་ཀ་སོགས་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། སྐུལ་ཁྲིད་ཀྱི་ནུས་པ་ལྡན་པའི་བརྩམས་ཆོས་འདོན་དགོས་པ་དང་། རྒྱང་སྒྲོག་དང་བརྙན་འཕྲིན་བདེ་འཇགས་ངང་ཕྱིར་གཏོང་བ་ནི་རྒྱང་སྒྲོག་བརྙན་འཕྲིན་གྱི་ཆེས་གལ་ཆེ་བའི་བྱ་བ་ཡིན་པས། ལས་ཁུངས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ལམ་ལུགས་དང་སྒྲིག་བཀོད་སོགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། བདེ་འཇགས་ངང་ཕྱིར་གཏོང་བྱེད་པར་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།།
|