中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཝང་ལི་ཡིས་བསང་ཆུ་རྫོང་གི་དགོན་པའི་དོ་དམ་བྱ་བར་རྟོག་ཞིབ་བྱས་པ།
དུས་ཚོད།2023-03-14 19:06:15     རྩོམ་གྱི་ཡོང་ཁུངས། བསང་ཆུ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།    ཆུང་། | འབྲིང་། | ཆེ།
\

    ཟླ3པའི་ཚེས11ཉིན་ལ།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།  ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཝང་ལི་ཡིས་བསང་ཆུ་རྫོང་གི་ཤང་དང་གྲོང་རྡལ་ཁ་ཤས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་གནས་ཀྱི་དགོན་པའི་དོ་དམ་བྱ་བར་རྟོག་ཞིབ་བྱས།  བསང་ཆུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་པས་རྟོག་ཞིབ་ལ་འགྲོ་རོགས་བྱས། 
 
\

    ཝང་ལི་འཁོར་དང་བཅས་པ་སྔ་གཞུག་ཏུ་བླ་བྲང་དགོན་པ་དང་ཙ་ཡུས་ཤང་གི་ཙ་ཡུས་དགོན་པ། ཐང་དཀར་ནང་ཤང་གི་བཀྲ་ཤིས་དགོན་པ།  བང་གུར་ཐང་གྲོང་རྡལ་གྱི་གནམ་ལྷ་དགོན་པ།  མར་ཐང་གྲོང་རྡལ་གྱི་ཙག་ཙག་དགོན་པ།  ཆུ་སྔོན་ཤང་གི་ཡི་གེ་ཐང་དགོན་པ་བཅས་ཀྱི་ཡུལ་དངོས་སུ་སོང་སྟེ། ལྟ་ཞིབ་དང་བཞུགས་མོལ་གྱི་རྣམ་པ་བརྒྱུད་ནས། ལས་བྱེད་པའི་ལས་རེས་དང་དགོན་པའི་དོ་དམ་སོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད།   ཆོས་ལུགས་མི་སྣའི་འཐུས་ཚབ་པ་དང་དཀའ་ཁག་ཅན་གྱི་གྲྭ་བ། དགོན་པའི་གཞུང་སྒྲུབ་ཁང་གི་ལས་བྱེད་པ་བཅས་ལ་འཚམས་འདྲི་བྱས། 
 
\

    ཝང་ལི་ཡིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཚོགས་པའི་སྐབས་འདིར། དགོན་པའི་གཞུང་སྒྲུབ་ཁང་གི་ལས་བྱེད་པ་དང་དགོན་པའི་དོ་དམ་ཁང་གི་ཁོངས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ་དང་།  ཞིང་ཆེན་ཡོངས་ཀྱིས་སྤེལ་བཞིན་པའི་འཛིན་གསུམ་སྐུལ་གསུམ་གྱི་བྱེད་སྒོ་གོ་སྐབས་སུ་རྩིས་ནས།   ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་སྒོས་དགོན་པའི་དོ་དམ་ལ་ཤུགས་སྣོན་དང་དགོན་པའི་དོ་དམ་གྱི་རིགས་སོ་སོའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། དགོན་པའི་དོ་དམ་གྱི་ཁྲིམས་ལུགས་རང་བཞིན་དང་ཚད་ལྡན་རང་བཞིན།   ཞིབ་ཚགས་རང་བཞིན་གྱི་ཆུ་ཚད་བཅས་མཐོར་འདེགས་སུ་གཏོང་དགོས་ཤིང་།  འཆམ་མཐུན་དགོན་པ་འཛུགས་སྐྲུན་བྱ་བ8+གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་རྣམ་པའི་ཁྲོད་དུ་མཉམ་འདྲེས་སྒོས།   དགོན་པའི་གཞུང་སྒྲུབ་ཁང་དང་དགོན་པའི་དོ་དམ་ཁང་གི་ནུས་པ་འདོན་སྤེལ་དང་།  ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ།    མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན།  སྤྱི་ཚོགས་གཏན་འཇགས་བཅས་ཀྱི་རྣམ་པ་ལེགས་པོ་སྲུང་སྐྱོབ་བྱ་དགོས་ཞེས་བསྟན།།   
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།