ཟླ3པའི་ཚེས15ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཚོགས་འདུ་གཙོས་སུ་ཚོགས། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞུང་ལས་ཐིང་གི་བྱ་བའི་སྐོར་གྱི"རྒྱུན་འཁྱོངས་ལྔ"ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། གཟབ་ནན་གྱིས2022ལོའི་ཁུལ་ཡོངས་ཀྱི་སྲིད་གཞུང་མ་ལག་གི་གཞུང་སྒྲུབ་ཁང་གི་བྱ་བར་ཕྱོགས་བསྡོམས་དང་། མདུན་དུ་ལྷག་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ་དང་། དེ་མིན་ད་ལོའི་གཙོ་གནད་བྱ་བ་སོ་སོར་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་ཁུལ་ཡོངས་ཀྱི་སྲིད་གཞུང་མ་ལག་གི་གཞུང་དོན་སྡེ་ཁག་གི་བྱ་བར་གནང་བའི་མཆན་འགོད་མཛུབ་སྟོན་སྒྲོག་འདོན་བྱས་ཏེ། ཁུལ་ཡོངས་ཀྱི་སྲིད་གཞུང་མ་ལག་དང་ཞིང་ཆེན་མ་ལག་གི་ཁུལ་དུ་བཅའ་སྡོད་བྱེད་པའི་གཞུང་དོན་སྡེ་ཁག་གི་སྔོན་ཐོན་ཐུན་མོང་ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས། གཙོས་གྲོང་ཁྱེར་དང་རྨ་ཆུ་རྫོང་། ཁུལ་བཟོ་འཕྲིན་ཅུས། ཁུལ་མི་དོན་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་སོ་སོས་བཞུགས་མོལ་བགྲོ་གླེང་བྱས།
ཚོགས་འདུ་ཡིས་ན་ནིང་ནས་བཟུང་ཁུལ་ཡོངས་ཀྱི་སྲིད་གཞུང་གཞུང་སྒྲུབ་ཁང་གིས་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེན་པོ་དང་རིམས་ནད་ཀྱི་ཤུགས་རྐྱེན་ངན་པའི་མདུན་དུ། "རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ། འཕེལ་རྒྱས་བདེ་འཇགས་ཡོང་བར་བྱེད་པའི"སྤྱིའི་བླང་བྱ་རྒྱུན་འཁྱོངས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ཁུལ་ཡོངས་ཀྱི་སྲིད་གཞུང་མ་ལག་གི་བྱ་བར་ཕན་ནུས་ཆེ་ཞིང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་ནུས་ལྡན་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅེས་བསྟན།
ཚོགས་འདུ་ཡིས་ཁུལ་ཡོངས་ཀྱི་སྲིད་གཞུང་མ་ལག་གི་གཞུང་སྒྲུབ་ཁང་དུ"མེད་པ་ལྔ་དང་གཙང་མ་ལྔ"ཡི་ལས་ཁུངས་གསར་འཛུགས་དང་། "ཞིབ་ཕྲ་ཅན་བཅུའི་དོ་དམ"བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ། སྒྲིག་སྲོལ་ལམ་ལུགས་སོ་སོ་ཆ་ཚང་དུ་གཏོང་བ་དང་། ནང་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་བསྣན་ཏེ། སྲིད་གཞུང་མ་ལག་གི་གཞུང་སྒྲུབ་ཁང་གི་བྱ་བ་ཚད་ལྡན་ཅན་དང་ཚན་རིག་ཅན། ཚད་མཐུན་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་། "མཐོ་གནས་ཆེ་བ་བཅུ"ལ་ནུས་ཤུགས་ཡོད་རྒུ་འདོན་པ། "གནོད་མེད་ལྔའི་ཀན་ལྷོ"འཛུགས་པ།"བཅུ་ཡོད་གཞིས་ཁྱིམ"བསྐྲུན་པ། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་མགྱོགས་མྱུར་གྱིས་བསྐྲུན་པ། འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ་དང་འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།།
(བན་དེ་ཚེ་རིང་གིས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|