ལིའུ་ཁྲང་ཀེན་གྱིས་རང་ཁུལ་དུ་རྟོག་ཞིབ་བྱས་སྐབས་སུ། ཕྱོགས་ཡོངས་ནས“ལམ་ཐིག་གསུམ”གྱིས་ཤུགས་མཉམ་འདོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བདག་སྐྱོང་བྱ་བར་དམ་འཛིན་ཞིབ་ཚགས་བྱ་དགོས་ཞེས་ནན་བཤད་བྱས།
ཉེ་ཆར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ལིའུ་ཁྲང་ཀེན་གྱིས་རང་ཁུལ་དུ་རྟོག་ཞིབ་བྱས་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་རང་འགུལ་ངང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་བོ་འཛུགས་པ་དང་། དུས་རབས་གསར་བའི“ཧྥིན་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། གཞི་རྩའི་སྤྱི་བའི་ཞབས་ཞུ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་རེ་ཞུ་མཚོན་ཚུལ་ཚད་ལྡན་དུ་གཏོང་བ། འགལ་བ་དང་ཉེན་ཁ་རྩད་ཞིབ་དང་དག་སེལ་བྱེད་པའི"ལམ་ཐིག་གསུམ"གྱིས་ཕྱོགས་ཡོངས་ནས་ཤུགས་མཉམ་འདོན་བྱ་དགོས་ལ། གཞི་རིམ་སྤྱི་ཚོགས་བདག་སྐྱོང་བྱ་བ་ཞིབ་ཚགས་དང་དམ་འཛིན་བྱས་ཏེ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་བཅོས་སྐྱོང་ལས་སྟེགས་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་ངང་གཏན་འཇགས་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
ལིའུ་ཁྲང་ཀེན་སྔ་རྗེས་སུ་གཙོས་གྲོང་ཁྱེར་དང་ཅོ་ནེ་རྫོང་། ལིན་ཐན་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ(སྲང་ལམ།)སྡེ་བ(སྡེ་ཁུལ།)ཆོས་ལུགས་བྱེད་སྒོ་སྤེལ་ས་དང་གཞི་རིམ་སྲིད་ཁྲིམས་སྡེ་ཚན་བཅས་སུ་ཟབ་ཞུགས་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་དང་འཁོར་སྐྱོད། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ། འགལ་བ་དང་ཉེན་ཁ་གྲལ་བཤེར་འདུམ་གཅོད། གྱོད་གཞི་འདྲི་གཅོད་ལག་བསྟར་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས། ཁོས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁུལ་དང་རྫོང་། ཤང་དང་སྡེ་བ་བཅས་རིམ་པ་བཞིའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་གཏོང་བ་དང་། སྔོན་ཐོན་ས་གནས་ཀྱི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཡུལ་ས་འཛུགས་སྐྲུན་དང་། མི་སྣ་བཀོད་སྒྲིག་ལམ་ལུགས་དང་ལམ་སྲོལ་སོགས་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་སྤྱི་ཚོགས་བཅོས་སྐྱོང་ཐོན་ཁུངས་བསྡུ་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པའི་བྱ་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གཏོད་དགོས་ཞེས་བསྟན།
《ཀན་སུའུ་ཞིང་ཆེན་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་བྱ་བའི་བྱེད་ཐབས》དོན་འཁྱོལ་ཞིབ་ཚགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དོན་དངོས་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་དྲ་མིག་དབྱེ་འབྱེད་དང་དྲ་མིག་མི་སྣ་བཀོད་སྒྲིག་ལེགས་སུ་གཏོང་བ་དང་དྲ་མིག་མི་སྣ་ཁྲི་ཡི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་སྤེལ་ནས་དོ་དམ་དཔྱད་ཞིབ་ལ་ཤུགས་བསྣན་པ་དང་བྱ་བའི་ནང་དོན་དང་། མང་ཚོགས་ཀྱི་རེ་ཞུ་མཚོན་པ་དང་ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་སྲུང་བཅས་ཀྱི་བགྲོད་ལམ་ཤར་གཏོང་དང་ཚད་ལྡན་དུ་གཏོང་བ་དང་། དྲ་རྒྱའི་ཐད་གཏོང་ལས་སྟེགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ཀྱི་རེ་ཞུ་དུས་ཐོག་ཏུ་མཚོན་པ་དང་། དུས་ཐོག་ཏུ་ལན་འདེབས་པ། དུས་ཐོག་ཏུ་ཐག་གཅོད་བཅས་བྱེད་དུ་འཇུག་དགོས་པ་བསྟན།
ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་མཉམ་དུ་རྟོག་ཞིབ་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཅུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡུས་ཅང་སོགས་ཀྱིས་རྟོག་ཞིབ་ལ་འགྲོ་རོགས་བྱས།།
(གདུགས་དཀར་ཚེ་རིང་གིས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|