中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་འཁོར་དང་བཅས་པ་རིག་གནས་དང་ཡུལ་སྐོར་པུའུ་རུ་སོང་ནས་འབྲེལ་མཐུད་བྱ་བ་ཡར་ཞུ་ཞུས་པ།
དུས་ཚོད།2023-03-22 15:42:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
\

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 3པའི་ཚེས 17ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་འཁོར་དང་བཅས་པ་རིག་གནས་དང་ཡུལ་སྐོར་པུའུ་རུ་སོང་ནས་འབྲེལ་མཐུད་བྱ་བ་ཡར་ཞུ་ཞུས་ཤིང་། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རོགས་རམ་དང་རྒྱབ་སྐྱོར་དེ་བས་མང་བོ་ཐོབ་རྒྱུ་བརྩོན་ལེན་བྱས། རིག་གནས་ཡུལ་སྐོར་པུའུ་ཏང་ཙུའུ་ཡི་ཁོངས་མིའམ་པུའུ་ཀྲང་གཞོན་པ་ཏུའུ་ཅང་གིས་ཡུས་ཁྲིན་ཧུའེ་འཁོར་དང་བཅས་པར་ཐུག་པ་མ་ཟད་བཞུགས་མོལ་བྱས། ཐོན་ཁུངས་གསར་སྤེལ་སིའི་རིམ་པ་དང་བོའི་སྐོར་གཟིགས་པ་སུང་ཆི་ཧུའེ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཝན་ཞུའེ་ཁའོ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཙུའོ་ལུང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལིའང་ཝེ་ཅི། ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འགན་ཁུར་བ་གཙོ་བོ་བཅས་བཞུགས་མོལ་དུ་ཞུགས།

\
 
    བཞུགས་མོལ་དུ་ཡུས་ཁྲིན་ཧུའེ་ཡིས་ཀན་ལྷོ་ཁུལ་གྱི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་པ་དང་། ཞིང་སྡེ་ཡུལ་སྐོར་འཕེལ་རྒྱས། A5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་སོགས་ཀྱི་བྱ་བ་སྒྲུབ་ཚུལ་སྐོར་ཡར་ཞུ་ཞིབ་ཕྲ་ཞུས་པ་མ་ཟད། རིག་གནས་ཡུལ་སྐོར་པུའུ་ཡིས་དུས་ཡུན་རིང་བོར་ཀན་ལྷོར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས།
    ཏུའུ་ཅང་གིས་རིག་གནས་ཡུལ་སྐོར་པུའུ་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཀན་ལྷོའི་ཞིང་སྡེ་ཡུལ་སྐོར་གྱི་ལག་ལེན་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ལེགས་སྒྲིག་གཏིང་ཟབ་བྱས་ཏེ། ཕྱོགས་སྡོམ་ཞུན་བརྡར་དང་ཉམས་མྱོང་དང་བྱེད་ཐབས་ཇེ་བརྟན་དུ་བཏང་ནས“ཀན་ལྷོའི་དཔེ་ཚུལ”ཁྱབ་གདལ་ཧུར་ཐག་གཏོང་དགོས་པ་མ་ཟད་ཀན་ལྷོར་རིག་གནས་ཡུལ་སྐོར་བྱ་བའི་གྲོས་ཚོགས་གྲ་སྒྲིག་བྱས་ནས། ས་ཁུལ་གཞན་དག་ཏུ་ཞིང་སྡེ་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད་ཉམས་མྱོང་དང་ཚད་གཞི་གཏོད་དགོས་ལ། ཞིབ་དཔྱད་གཏན་ཁེལ་གྱི་ཚད་གཞི་དམ་པོར་དམིགས་ནས་རོགས་རམ་དང་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དོ་དམ་དང་བར་སྟོང་། ཞབས་ཞུའི་མཐའ་མཚམས་བཅས་སྔར་བས་ཁ་གསལ་བོ་བཟོ་བ། མཛེས་ལྗོངས་སྤུས་ཚད་གདེང་འཇོག་དང་གནད་དོན་བཅོས་སྐྱོང་དོན་འཁྱོལ་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ཞེས་བཤད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།