ཟླ3པའི་ཚེས21ཉིན་ལ། ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་དྲིལ་བསྒྲགས་བྱ་བའི་ཚོགས་འདུ་གཙོས་སུ་ཚོགས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མཱ་ཡུས་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཁྲིམས་དཔོན་མའོ་ཧྲིན་ལི་ཡིས་ཚོགས་འདུའི་གཙོ་འགན་ཁུར། གཙོས་གྲོང་ཁྱེར་དང་ཅོ་ནེ་རྫོང་མི་དམངས་ཁྲིམས་ཁང་གི་འགན་ཁུར་བློ་མཐུན་སོ་སོས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད།
མཱ་ཡུས་ཀྱིས་ངེས་པ་དོན་གྱིས་སློབ་སྦྱོང་ལ་ཤུགས་བསྣོན་པ་དང་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བེད་སྤྱོད་ལེགས་པོ་བྱས་ཤིང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་བསྒྲགས་བསམ་བློའི་བྱ་བའི་སྐོར་གྱི་བསམ་བློ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་མཛུབ་སྟོན་ལག་བསྟར་བྱ་དགོས་ཤིང་། རིགས་སོ་སོའི་ཁྲིམས་ལུགས་ཁྱབ་གདལ་གྱི་གནས་དང་འཕྲིན་སྟེགས་ཀྱི་དོ་དམ་ལ་ཤུགས་བསྣན་ནས། མཐའ་གཅིག་ཏུ་ཁྲིམས་ཁང་གི་གསར་འགྱུར་དྲིལ་བསྒྲགས་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱ་དགོས་ལ། གཞུང་དྲང་དམ་སྲུང་གི་གསར་གཏོད་རྒྱུན་འཁྱོངས་བྱ་དགོས་པ་དང་། མཉམ་འབྲེལ་དྲ་བའི་བསམ་གཞིག་བཀོལ་སྤྱོད་གང་ལེགས་སྒོས་གསར་འགྱུར་དྲིལ་བསྒྲགས་བྱ་བ་ཡག་པོ་སྒྲུབ་ཅིང་། ཁྲིམས་ཁང་བྱ་བའི་ཁྱད་ཆོས་ལྡན་པའི་གཙོ་གནད་དང་དཔེ་མཚོན་ཉམས་མྱོང་སྔོག་འདོན་དང་ལེགས་སྒྲིག་བྱས་ནས། སྨྱན་སྦྱོར་གསར་བའི་གསར་གཏོད་ཐད་བྱས་རྗེས་གསར་བ་འཇོག་དགོས་པ་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་ལམ་བུ་ཡག་པོ་སྐྱོད་དགོས་པ། འཛིན་གསུམ་སྐུལ་གསུམ་གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོར་རོགས་འདེགས་བྱས་ཤིང་། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། མུ་མཐུད་དུ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོ་རུ་བཏང་ནས། མི་དམངས་མང་ཚོགས་ལ་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་གཞག་དྲང་བདེན་དེ་ཉམས་སུ་མྱོང་བར་འཇུག་དགོས་པ་དང་། རང་འགུལ་ངང་རིམ་པ་སོ་སོའི་སྨྱན་སྦྱོར་བར་གྱི་འབྲེལ་བ་དང་མཐུན་སྦྱོར། གྲ་སྒྲིག་བཅས་ལ་ཤུགས་བསྣོན་པ་དང་། ཁོངས་གཏོགས་ཡོངས་ཀྱི་དྲིལ་བསྒྲགས་རུ་ཁག་འཐུས་ཚང་དུ་གཏོང་བ། དྲིལ་བསྒྲགས་བྱེད་ས་ཡག་པོ་འཛུགས་པ་དང་བེད་སྤྱོད་ཡག་པོ་གཏོང་བ། ཕྱོགས་མང་པོའི་ཐད་ནས་ཁྲིམས་ཁང་གི་གཏམ་རྒྱུད་ཡག་པོ་བཤད་ནས། ཁྲིམས་ཁང་གི་གསར་འགྱུར་དྲིལ་བསྒྲགས་བྱ་བའི་ལེའུ་གསར་བ་གཏོད་དགོས་ཞེས་ནན་གྱིས་བསྟན།
མའོ་ཧྲིན་ལི་ཡིས་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས་པ་དང་། དྲིལ་བསྒྲགས་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁག་ཐེག་བྱས་ནས། ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་དྲིལ་བསྒྲགས་ཆེན་མོའི་རྣམ་པ་འཛུགས་དགོས་ལ། སྨྱན་སྦྱོར་གསར་བའི་གཡུལ་ས་རྒྱ་ཆེར་གཏོང་ཤིང་། མ་ཡིག་གི་སྤུས་ཚད་མཐོ་རུ་བཏང་ནས། ཁྲིམས་ཁང་གི་དྲིལ་བསྒྲགས་བྱ་བའི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། འབྲེལ་འདྲིས་དང་འབྲེལ་མཐུད་ལ་ཤུགས་བསྣན་ནས། དྲིལ་བསྒྲགས་འཕྲིན་སྤེལ་བྱ་བའི་ཁྱབ་ཚད་རྒྱ་ཆེ་རུ་གཏོང་དགོས་ལ། ནམ་ཡང་རྗེས་སུ་མི་ལུས་པའི་སྙིང་སྟོབས་དང་རྩེ་དྲ་བརྩོན་ལེན་གྱི་སྙིང་སྟོབས་ཀྱིས་ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་དྲིལ་བསྒྲགས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།།
(བཀྲ་ཤིས་གཡང་མཚོ་ཡིས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|