རྒྱལ་ཡོངས་དམངས་ཆེན་འཐུས་མི་དབྱང་ཀྲིན་ལིན་གྱིས་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་ཚོགས་ཆེན་གཉིས་ཀྱི་མྱོང་ཚོར་བརྗོད་ནས་བསང་ཆུའི་འཕེལ་རྒྱས་གླེང་བ།
ཟླ3པའི་ཚེས21ཉིན་ལ། བསང་ཆུ་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི2023ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པའི་སྟེང་དུ། རྒྱལ་ཡོངས་དམངས་ཆེན་འཐུས་མིའམ་ཁུལ་ཨུའི་རྒྱུན་ཨུ། བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཀྲིན་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་མྱོང་ཚོར་དང་བསམ་ཚུལ་བརྗོད། རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་ཤང་དང་གྲོང་རྡལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣ་ཚོགས་འདུར་ཞུགས།
དབྱང་ཀྲིན་ལིན་གྱིས་ཕྱོགས་བཅུ་ནས་རང་ཉིད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དུ་ཞུགས་པའི་མྱོང་ཚོར་བརྗོད་པ་དང་། ཁོས་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། ང་རང་རང་རེའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ཆེས་དོན་སྙིང་ལྡན་པའི་ཚོགས་ཆེན་ལ་ཞུགས་ཏེ། ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་ཏེ་སེམས་འགུལ་ཚད་མེད་ཐེབས། ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་ནི་རང་རྟོགས་ཆེས་ཆེ་ཤོས་དང་། འགན་ཁུར་དང་ལེན་བྱ་རྒྱུ་ནི་འགན་འཁྲི་ཆེས་ཆེ་ཤོས། སློབ་སྦྱོང་ལ་བརྩོན་པ་བྱ་རྒྱུ་ནི་ཡར་ཐོན་ཆེས་ཆེ་ཤོས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་བརྩོན་ལེན་ཆེས་ཆེ་ཤོས། རྣམ་པ་འགྲེམ་སྟོན་བྱ་རྒྱུ་ནི་སྟེགས་བུ་ཆེས་ཆེ་ཤོས། ལག་ལེན་ལ་དམ་འཛིན་བྱ་རྒྱུ་ནི་དོན་འཁྱོལ་ཆེས་ཆེ་ཤོས། བདེ་སྐྱིད་ལ་སྐུལ་འདེད་བྱ་རྒྱུ་ནི་དམིགས་འབེན་ཆེས་ཆེ་ཤོས་དེ་ཡིན་ཞེས་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་ནས་དབྱང་ཀྲིན་ལིན་གྱིས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན། དེ་མིན་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་ཆབ་སྲིད་ལས་འགན་དང་པོར་བརྩིས་ནས། བསམ་བློ་དང་སྤྱོད་པ་གཅིག་གྱུར་སྒོས་རྫོང་ཡོངས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་གི་ཚ་རླབས་འཕྱུར་རུ་བཅུག་སྟེ། རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས་ལ། ཚད་གཞི་མཐོན་པོའི་སྒོ་ནས་འགན་ཁུར་དང་ལེན་བྱེད་པ་གཙིགས་སུ་བཟུང་ནས། གོ་སྐབས་དམ་འཛིན་དང་ཧུར་ཐག་བརྩོན་ལེན་གྱིས་ཚན་རིག་ལག་རྩལ་སྟོབས་ཞིང་བཟོ་ལས་རྒྱས་པ། རྫོང་དར་བའི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་དགོས་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་གཞི་ལག་བསྟར་བྱས་ནས། དམངས་ལ་བདེ་སྐྱིད་བརྩོན་ལེན་བྱེད་པ་དེ་བྱ་བ་མཐའ་དག་གི་གཞི་འཛིན་ས་དང་རྐང་འཛུགས་ས་བྱས་ནས། སྲིད་ཇུས་དམངས་འཚོ་ལ་དམིགས་པ་དང་ནོར་ཤུགས་དམངས་འཚོར་ཕྱོགས་པ། ཞབས་ཞུ་དམངས་འཚོར་ཁྱབ་པའི་བྱ་བར་སྐུལ་འདེད་བཏང་སྟེ་དམངས་ཀྱི་དཀའ་ཁག་ཐག་གཅོད་བྱ་དགོས་པ་བསྟན།
ཚོགས་འདུའི་སྟེང་། རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཁོངས་མི་བན་ཏེ་རྒྱལ་དང་ཧུང་ཧོང་མིན་གཉིས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་རང་ཉིད་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སོ་སོའི་ཐད་དུ་བསམ་ཚུལ་བརྗོད།།
(ཀུན་མཚོ་སྐྱིད་ཀྱིས།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|