中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། དཔྱིད་དཔལ་རབ་ཏུ་རྒྱས། དཔྱིད་འདེབས་ལས་ལ་བྲེལ།
དུས་ཚོད།2023-03-23 17:33:00     རྩོམ་གྱི་ཡོང་ཁུངས། ཅོ་ནེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།     ཆུང་། | འབྲིང་། | ཆེ།
\

    ལོ་གཅིག་གི་འཆར་གཞི་དཔྱིད་དུས་སུ་འགོད།། ལོ་གཅིག་གི་མཛེས་ལྗོངས་དཔྱིད་འདེབས་ལ་རག། ཉེ་ཆར། ནམ་ཟླ་ཇེ་དྲོར་ཡོང་བ་དང་བསྟུན་ནས་ཅོ་ནེ་རྫོང་གིས་དཔྱིད་འདེབས་གྲ་སྒྲིག་ཉིན་མོ་དགའ་བས་བསུས་ཤིང་། ཀླུ་ཆུའི་འགྲམ་རྒྱུད་ཀྱི་ངོགས་གཉིས་སུ་མང་ཚོགས་ཀྱིས་ཞིང་རྨོ་བ་དང་ལུད་རྒྱག་པའི་ལས་ལ་བྲེལ་བཞིན་པ་དང་། ཞིང་ཁར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག
\
\

    གསར་འགོད་པ་མར་རུ་གྲོང་རྡལ་ཀླུ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཁར་བསྐྱོད་སྐབས། ལུས་ལ་བྱུ་རུ་པདྨ་ཅན་གྱི་གོས་ཀྱིས་རྒྱན་པའི་མང་ཚོགས་ཀྱིས་དུས་ཚིགས་བཟང་བོ་དམ་འཛིན་བྱས་ཏེ་ཞིང་ཁ་ན་འདེབས་འཛུགས་ཀྱི་ལས་ལ་བྲེལ་བཞིན་ཡོད་ལ། འཕྲུལ་ཆས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས། ཞིང་རྨོ་བ་དང་ས་བོན་འདེབས་པ་སོགས་ཀྱི་བརྒྱུད་རིམ་ཡོངས་གཅིག་ཀྱང་མ་ལུས་པར་བྲེལ་འཚུབ་ངང་གོ་རིམ་ལྡན་པའི་དཔྱིད་འདེབས་ཀྱི་ལས་ལ་བྲེལ་བཞིན་མཆིས། དཔྱིད་འདེབས་ལས་འགོ་ཚུགས་པས་ཐོན་ལས་དར་ཞིང་རྒྱས་པ་དང་སྐྱེ་དགུ་ཐ་དག་ལ་གསོན་ཤུགས་རྒྱས་ཏེ་ངལ་རྩོལ་མི་དམངས་ལས་ལ་བྲེལ་ཞིང་། རོང་འབྲོག་མང་ཚོགས་ཀྱིས་འབྱོར་ཕྱུག་ལྡན་པའི་མཛེས་སྡུག་གི་རི་མོ་ཞིག་འབྲི་བཞིན་རེ་བའི་ཞིང་སར་ཅི་དགར་རོལ་བཞིན་མཆིས།།
\
\
 
(རིན་ཆེན་འཚོ་ཡིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།