ཟླ3པའི་ཚེས22ཉིན་གྱི་ཕྱི་དྲོར། རང་ཁུལ་གྱིས2023ལོའི་ཁུལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་དང་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། 2022ལོའི་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང་།2023ལོའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བར་བཀོད་སྒྲིག་བྱས།
ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཁུལ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ཅན་གྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཉིང་ཧྥུན་ཧྲན་གྱིས2023ལོའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་ལས་འགན་བཀོད་སྒྲིག་བྱས།

གྲོས་ཚོགས་ཀྱིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་ལ་འཕྲད་པའི་རྣམ་པ་གསར་བ་དང་ལས་འགན་གསར་བ་དམ་འཛིན་གཏིང་ཟབ་བྱ་དགོས་པ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བ་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་ལ་ངེས་པ་དོན་གྱིས་ཤུགས་བསྣན་ནས། ཏང་གི་གསར་གཏོད་གཞུང་ལུགས་དྲ་ཐོག་ནས་དྲིལ་བསྒྲགས་ཡག་པོ་བྱེད་པ་དེ་གནས་བབ་ཨང་དང་པོར་འཇོག་པ་དང་། མུ་མཐུད་དུ་དྲ་ཐོག་ནས་དྲང་ཕྱོགས་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བ། དྲ་རྒྱའི་སྐྱེ་ཁམས་བདག་སྐྱོང་དང་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་ཞིང་། ནུས་པ་ཡོད་རྒུས་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲ་ཐོག་ནས་ཧུར་བརྩོན་ཡར་སྐྱེད་ཀྱི་ནུས་ཤུགས་འདོན་དགོས་ཞེས་བསྟན།
གྲོས་ཚོགས་ཀྱིས2022ལོའི་ཁུལ་ཡོངས་ཀྱི་དྲ་རྒྱ་ཁྱབ་གདལ་དང་དྲ་རྒྱའི་བདེ་འཇགས། དྲ་རྒྱའི་ལྟ་སྐུལ་བྱ་བའི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་མི་སྒེར་སོགས་ལ་གཟེངས་བསྟོད་བྱས།
ཁུལ་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་གཞུང་སྒྲུབ་ཁང་གི་ཚན་ཁག་ཁོངས་མི་དང་ཁུལ་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། རྫོང་དང་གྲོང་ཁྱེར་སོ་སོའི་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་སོགས་གྲོས་ཚོགས་སུ་ཞུགས།།
(གསར་འགོད་པ་བཀྲ་ཤིས་གཡང་མཚོ་དང་པདྨ་འཚོ་ཡིས།)
|