中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ན་གཞོན་བྱ་འགུལ་ལྟེ་གནས་དང་མཉམ་དུ་བརྩེ་སེམས་བྱ་འགུལ་སྤེལ།
དུས་ཚོད།2023-03-29 16:12:41     རྩོམ་གྱི་ཡོང་ཁུངས། བསང་ཆུ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།    ཆུང་། | འབྲིང་། | ཆེ།

     གུང་གཞོན་ཚོགས་པ་བསང་ཆུ་རྫོང་ཨུས་ན་གཞོན་བྱ་འགུལ་ལྟེ་གནས་དང་མཉམ་དུ་བརྩེ་སེམས་བྱ་འགུལ་སྤེལ་བ།
\
\
\
\
     ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ལ། གུང་གཞོན་ཚོགས་པ་བསང་ཆུ་རྫོང་ཨུས་ན་གཞོན་བྱ་འགུལ་ལྟེ་གནས་དང་མཉམ་དུ་བརྩེ་སེམས་བྱ་འགུལ་སྤེལ་ནས་སྤྱི་ཚོགས་སྟེང་གི་བརྩེ་སེམས་མི་སྣ་བཙལ་ནས་བྱིས་པ་ཚོའི་ལག་བཟོས་བརྩམས་ཆས་སྣ་ཚོགས་ཉོ་རུ་བཅུག་སྟེ་སྤྱི་ཚོགས་ཡོངས་ལ་ཕན་ཚུན་བརྩེ་བས་སྐྱོང་བར་སྐུལ་སློང་བྱས།
\
    གུང་གཞོན་ཚོགས་པ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་ལྷ་མོ་སྐྱབས་ཀྱིས་བཤད་དོན། དེ་རིང་། ང་ཚོའི་གུང་གཞོན་ཚོགས་པས་ན་གཞོན་བྱ་འགུལ་ལྟེ་གནས་དང་མཉམ་དུ་ལེ་ཧྥིན་ཆུང་ཆུང་ཞེས་པའི་བརྩེ་སེམས་བྱ་འགུལ་སྤེལ་བ་འདི། བྱིས་པ་ཆུང་ཆུང་ཚོས་ལེ་ཧྥིན་ལ་སློབ་སྦྱོང་བྱས་པ་དང་སྤྱི་ཕན་ལས་དོན་ལ་ཞུགས་པར་སྐུལ་མ་བཏང་བ་ཡིན་ལ། དེ་མིན་བྱིས་པ་ཚོས་གློག་རྡུལ་རོལ་རྩེད་དོར་ནས་ནུས་པ་གསོ་སྐྱོང་དང་ཁྱིམ་བདག་དང་བྱིས་པ་ཚོའི་འབྲེལ་བ་ཇེ་བཟང་དུ་གཏོང་ཕྱིར་ཡིན།  རྗེས་ཕྱོགས་ཡང་འཛིན་གསུམ་སྐུལ་གསུམ་གྱི་བྱེད་སྒོ་དང་ལེན་བྱས་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་ནས་གུང་གཞོན་ཚོགས་པའི་ན་གཞོན་གཅིག་བསྡུའི་ནུས་པ་འདོན་རྒྱུ་ཡིན།
\
    བླ་བྲང་སློབ་ཆུང་གི་སློབ་མ་ཞིག་གིས་བཤད་དོན། བྱ་འགུལ་ཐེངས་འདི་ལ་ཞུགས་པས་ངའི་སྙིང་སྟོབས་ཇེ་ཆེར་བཏང་བས་མི་ཚད། མི་གཞན་དང་འབྲེལ་འདྲིས་བཟང་བོ་བྱེད་ཤེས་སུ་བཅུག  རང་གིས་ལས་པའི་ལག་བཟོས་དངོས་བོ་ཕྱིར་ཚོང་དུས་རེར་སེམས་ལ་དགའ་སྤྲོ་ཆེན་པ་སྐྱེས།
    རྒྱུས་ལོན་པ་ལྟར་ན། བྱ་འགུལ་འདི་ལས་འདུས་པའི་སྒོར་མོ་དག་རྒན་གཉོར་ཁང་ལ་འབུལ་རྒྱུ་རེད།།

 
                        (པཎ་ཆེན་སྐྱབས་ཀྱིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།