中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་ཞིང་རོགས་འདེགས་བྱས་པ།
དུས་ཚོད།2023-03-30 08:57:52     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ལས་གཞི་འཛུགས་སྐྲུན་གྱི“སྒུལ་ནུས་གསར་བ”སྐུལ་སྤེལ་བཏང་བ།
    2023ལོར་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང 7.5%འཕར་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད 10%འཕར་བ། བཟོ་ལས་ཀྱི་གནས་འཕར་རིན་ཐང 6.5%འཕར་བ། ལོ་ཧྲིལ་བོའི་འཆར་གཞི་ལག་བསྟར་བྱེད་པའི་གསར་སྐྲུན་ལས་གཞི 71ཡོད་པ་དང་། མཐུད་སྐྲུན་ལས་གཞི 34ཡོད། གཙོས་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་དང་སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་སྐྱེད་སྲིང་། དམངས་འཚོ་འགན་ལེན། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་ལས་གཞི་གལ་ཆེན་ཁག་ཅིག་ཇུས་འགོད་དང་གྲབས་གསོག བརྩོན་ལེན་བཅས་བྱས་ནས་ལས་གཞི་ཆེན་པོར་བརྟེན་ནས་མ་དངུལ་གཏོང་བར་སྣེ་ཁྲིད་བྱས་པ་དང་། མ་དངུལ་གཏོང་བར་བརྟེན་ནས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་།
    ལས་གཞི་ཇུས་འགོད་དང་ཚུར་འགུག ནང་འདྲེན། ལག་བསྟར་བཅས་བྱེད་པར་རྒྱ་ཆེའི་ལས་བྱེད་པའི་ལས་གཞི་དམ་འཛིན་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱ་དགོས།
    ཟླ 3པའི་ཚེས 5ཉིན། གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་ཐོན་ལས་གླིང་ཁུལ་དུ་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་སྲིད་གཞུང་དང་དངུལ་ཁང་དང་ཁེ་ལས་བཅས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཁེ་ལས 19ཡི་འཐུས་མིས་ཚོང་འགུག་དངུལ་འདྲེན་དང་།  ཚོང་གཉེར་ཁོར་ཡུག རང་ངོས་འཕེལ་རྒྱས་བཅས་ལ་དམིགས་ནས་དངུལ་རྩའི་ཐད་ཀྱི་འདུན་པར་བསམ་འཆར་དང་གྲོས་གཞི་བཏོན་པ་དང་། དངུལ་རྩའི་སྒྲིག་གཞི 9ཡི་འགན་ཁུར་བློ་མཐུན་གྱིས་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་གཏམ་བཤད། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་གཉིས་ཁེ་ཡོང་རྒྱུའི་ཐད་བླང་བྱ་ཞིབ་ཕྲ་བཏོན།
    གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ལོ་ཧྲིལ་བོའི་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་འཆར་གཞིའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། བྱ་བར་སྐུལ་འདེད་གཏོང་བའི་ཇུས་གཞི་ཞིབ་ཚགས་བཟོས་ནས། གསལ་ཐོ་ཅན་དང་གནད་ཁེལ་གྱི་དོ་དམ་ལག་བསྟར་བྱས་ནས་འཕེལ་རིམ་ལ་གཞིགས་ནས་ལག་བསྟར་བྱ་རྒྱུ་འགན་ལེན་བྱས་ནས་མི་སྣ་དང་། དངོས་རྫས། མ་དངུལ་བཅས་འགན་སྲུང་ཞིང་ལས་གཞི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས།
    འབད་འབུངས་ཡར་བརྩོན་གྱིས་རྣམ་པ་གསར་བ་གཏོད་པ་དང་ལས་གཞི་འཛུགས་སྐྲུན་བྱེད་བཞིན་མཆིས། རྒྱུ་རྐྱེན་གཙོ་བོ་དམ་འཛིན་བྱས་ནས་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ཚོང་འགུག་ལ་བརྟེན་ནས་ལས་གཞི་ནང་འདྲེན་བྱས་ཏེ་མགྱོགས་ལ་མྱུར་བའི་སྒོ་ནས་ལས་གཞི་འཛུགས་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བཞིན་ཡོད། ལས་གཞི་གལ་ཆེན་རེ་རེ་དོན་འཁྱོལ་བྱ་རྒྱུ་དེ་ས་བོན་རྡོག་བུ་ཞིག་དང་འདྲ་བར་གཞི་རིམ་དུ་རྩ་བ་ཚུགས་པ་དང་ཡར་རྒྱས་ཡོང་བ་བྱས་ནས་གཙོས་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་བ་བསྣན་པ་དང་། གསོན་ཤུགས་གསར་བ་འཕེལ་བ། རེ་བ་གསར་བ་ཐོབ་པ་བཅས་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།