དཔྱིད་འགོའི་ཐེ་བོ་ལ་ཉི་འོད་རབ་ཏུ་འཕྲོ་ཞིང་དཔྱིད་ཀྱི་མེ་ཏོག་རྣམ་པར་བཞད། ཉེ་ཆར། ལོ་ཁུ་བགྲོད་ལམ་གྱི་སྤྱི་ལེ0གི་སྒོ་བྱང་འགེལ་བ་དང་མི་བརྒྱས་རླངས་འཁོར་སྐོར་ནས་ལོ་ཁུ་བགྲོད་ལམ་དུ་བསྐྱོད་པའི་འགོ་འཛུགས་མཛད་སྒོ་དེ་བྲག་སྒམ་ནང་མཛེས་ལྗོངས་ཁུལ་ནས་དངོས་སུ་སྤེལ།

ལོ་ཁུ་བགྲོད་ལམ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་གཤིས་བཟང་གཞུང་དྲང་གི་བོད་པ་ཚང་གི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བར། ཐེངས་འདིའི་ལོ་ཁུ་བགྲོད་ལམ་བརྒལ་བར་ཚང་མར་ཡིད་ཆེས་ཀྱིས་ཁེངས་ཡོད།
ཡུལ་སྐོར་ལ་དགའ་མོས་ཡོད་པའི་ཀྲང་རུང་ཝུའེ་ཡིས “ཡུལ་སྐོར་ལ་སྤྲོ་བ་ཡོད་མཁན་ཞིག་ཡིན་པའི་ངོས་ནས། ང་རང་ཐེངས་འདིའི་ལོ་ཁུ་བགྲོད་ལམ་གྱི་སྤྱི་ལེ0གི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ཐུབ་པར་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ལ། ཐེངས་འདིའི་བྱ་འགུལ་འདི་བསྒྲུབས་པའང་ཧ་ཅང་ལེགས་ཤིང་དོན་སྙིང་ཆེན་པོ་ལྡན། དེ་མིན་ཡུལ་སྐོར་བ་མང་བོས་བྲག་སྒམ་ནང་གི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ”ཞེས་བཤད།
རླངས་འཁོར་སྐོར་མཁན་ཀུའོ་ཀོང་ཀྲི་ཡིས་རྒྱུན་དུ་རླངས་འཁོར་སྐོར་མཁན་ཞིག་ཡིན་པའི་ངོས་ནས་ཐེ་བོ་ལ་ཐེངས་མང་བོར་ཡུལ་སྐོར་ལ་ཡོང་མྱོང་། ལ་གཟར་འགག་དང་བྲག་སྒམ་ནང་། དབང་བཟང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྱོད་ཅིང་། རང་ཉིད་ལ་བག་ཆགས་བཞག་པ་ཆེས་ཟབ་པ་ནི་དབང་བཟང་གི་ཀུ་ཤུ་ཡིན་ལ། མངར་ཆ་འོས་ཤིང་འཚམ་པ་དང་བྲོ་བ་ཧ་ཅང་ཞིམ་པོ་ཡིན་པས། གལ་ཏེ་ཐེ་བོ་ལ་ཡུལ་སྐོར་དུ་ཡོང་ན་རོལ་མྱོང་བྱོས་དང་ངོ་མ་བྲོ་བ་ཞིམ་པོ་འདུག་ཅེས་བཤད།
ཐེ་བོ་རྫོང་ཧྥུན་ཏིའེ་རིག་གནས་ཡུལ་སྐོར་མ་འཇོག་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་པད་མ་དོན་གྲུབ་གྱིས་ཐེངས་འདིའི་ལོ་ཁུ་བགྲོད་ལམ་གྱི་སྤྱི་ལེ0གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་ཡིས་ལོ་ཁུའི་ལམ་གྱི་ཉེ་འཁོར་ཐོན་རྫས་དང་ཡུལ་སྐོར་ཐོན་རྫས་རྣམ་པ་གསར་བ་ཞིག་ནས་འགོ་ཚུགས་པ་མཚོན་ལ། ང་ཚོར་རྒྱལ་ནང་གི་ཆེས་མཛེས་སྡུག་ལྡན་པའི་རང་སྐོར་ལམ་ཐིག་ཡག་པོ་ཞིག་གཏོད་པར་ཡིད་ཆེས་ཡོད་ཅེས་བཤད།།
(བན་དེ་ཚེ་རིང་གིས་བསྒྱུར།)
|