གསར་བརྗེ་དང་ལྗང་མདོག་མཉམ་འདྲེས་ཀྱི་ཡུལ་སྐོར་རྫོང་ཞིག་ཡིན་པའི་ཆ་ནས། ཐེ་བོ་རྫོང་དུ་དུས་ཆེན་དང་གུང་གསེང་སླེབས་མ་ཐག་ཏུ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད། ཡུལ་སྐོར་བྱ་ཡུལ་གཙོ་བོ་ནི་དེ་བས་བཤད་མི་དགོས་པར་གང་ས་གང་དུ་མི་ཡིས་ཁེབས་ཏེ། གཞུང་ཕྱོགས་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ལྔ་གཅིག་ངལ་གསོའི་ཐོག་མའི་ཉིན་གཉིས་ལ་ཡུལ་སྐོར་བ་མི་ཁྲི4.259སྣེ་ལེན་བྱས་པ་དང་། དེའི་ནང་བྲག་སྒམ་ནང་གིས་ཡུལ་སྐོར་བ་མི་ཁྲི1.65སྣེ་ལེན་བྱས་པ་དང་། ལ་གཟར་འགག་གིས་ཡུལ་སྐོར་བ་མི་ཁྲི1.12སྣེ་ལེན་བྱས། མགོ་རྗེ་ཡིས་ཡུལ་སྐོར་བ་མི་ཁྲི0.396སྣེ་ལེན་བྱས། མཛེས་ལྗོངས་ཁུལ་གཞན་དག་གིས་ཡུལ་སྐོར་བ་མི་ཁྲི1.093སྣེ་ལེན་བྱས།
图片
བྲག་སྒམ་ནང་མ་གཏོགས། མགོ་རྗེ་དང་ཚུར་རུ་ནང་། ལ་གཟར་འགག་སོགས་ལ་རང་སོ་སོའི་ཁྱད་ཆོས་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ལྡན་པས། ལྔ་གཅིག་ངལ་གསོའི་རིང་ཡུལ་སྐོར་བ་ཚང་མ་ཡུལ་སྐོར་འགྲོ་སའི་གནས་མཆོག་ཏུ་གྱུར།
བསང་ཆུ་རྫོང་བླ་བྲང་དགོན་པ་རུའང་མི་ཚོགས་ཀྱི་འདུ་འཛི་ཤིན་ཏུ་ཆེ་བ་དང་། ཐག་རིང་གི་མགྲོན་པོ་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱུན་མི་ཆད་པར་ཡོང་བཞིན་ཡོད་ལ། བླ་བྲང་དགོན་པའི་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་རིག་གནས་ལ་ཕྱིར་དྲན་ཁྲོད་བག་ཕེབས་ངང་མཇལ་ཏེ། ངོ་མཚར་ཅན་གྱི་མཛེས་ལྗོངས་དང་ཁྱད་ཆོས་ཅན་གྱི་བོད་ལྭ་སོགས་བརྙན་མིག་ཏུ་ཕབས་ཤིང་། ཐུན་མོང་མ་ཡིན་པའི་དམངས་སྲོལ་གྱི་མཛེས་པ་ལ་རོལ་མྱོང་བྱས།

བླ་བྲང་དགོན་པའི་ཡུལ་སྐོར་རླངས་འཁོར་འཇོག་གནས་སུ་ག་ས་གང་ནས་ཡོང་བའི་མགྲོན་པོ་དག་གི་རླངས་འཁོར་གྱིས་ཁ་གང་འདུག ལྔ་གཅིག་ངལ་གསོའི་ཐོག་མའི་ཉིན་གཉིས་ལ། ཡུལ་སྐོར་བ་སྣེ་ལེན་ལྟེ་གནས་སུ་ཉིན་རེར་རླངས་འཁོར་སྟོང་གསུམ་ཡན་བཞག་དང་འཇོག་བཞིན་ཡོད། ཞབས་ཞུ་ཡག་པོ་བསྒྲུབ་ཆེད། བསང་ཆུ་རྫོང་སྣེ་ལེན་ལྟེ་གནས་ཀྱི་ཞབས་ཞུ་མི་སྣས་འགྲིམ་འགྲུལ་ཉེན་རྟོག་པ་དང་འགྲོགས་ཏེ་ཕྱོགས་ཡོངས་ནས་རླངས་འཁོར་ལ་སྣེ་ཤན་ལེགས་པོ་བྱས། རླངས་འཁོར་ལ་སྣེ་ཤན་བྱེད་བཞིན་པའི་བླ་བླང་དགོན་པའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་མེན་ལིས་གསར་འགོད་པར་དེ་ལྟར་བཤད།
སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལྔ་གཅིག་ངལ་གསོའི་ཐོག་མའི་ཉིན་གཉིས་ལ། བསང་ཆུ་རྫོང་ནས་རླངས་འཁོར་འགྲོ་འོང་ཕལ་ཆེར་ཁྲི4.5ལ་བསླེབས། བསང་ཆུ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་ཉེན་རྟོག་མི་ཤུགས་ཇེ་ཆེར་བཏང་སྟེ། ཡུལ་སྐོར་བའི་བདེ་འཇགས་འགན་ལེན་ཁག་ཐག་བྱེད་བཞིན་འདུག
ལྔ་གཅིག་ངལ་གསོའི་རིང་ལ། ཀླུ་ཆུ་རྫོང་གི་ནམ་མཁའ་སྔོ་ཞིང་དྭངས་ལ། མཛེས་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་བས་ཁེབས་འདུག
སྟག་ཚང་ལྷ་མོ་གྲོང་རྡལ་དང་རྐྱང་ཐང་མཚོ། ཀ་ཤུལ་སྡེ་བ་དང་རྫས་ཚ་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོས་བཟའ་མི་དང་གྲོགས་པོ་ཁྲིད་དེ་མཛེས་ལྗོངས་དང་རོལ་རྩེད། མི་རིགས་རིག་གནས་བཅས་ལ་ལྟ་སྐོར་དང་རོལ་མྱོང་བྱེད་ཀྱིན་ཡོད། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྒྱུན་མི་ཆད་པ་དང་། ཀླུ་ཆུ་རྫོང་གི་ཡུལ་སྐོར་ཡོང་འབབ་ཡང་རྒྱུན་མི་ཆད་པར་ཇེ་མང་དུ་འགྲོ་བཞིན་འདུག རྫོང་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སླར་ཡང་ཟིན་ཐོ་གསར་བ་གཏོད་བཞིན་ཡོད།
ལྔ་གཅིག་ངལ་གསོའི་བར་སྐབས་སུ། ཁུལ་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི41.1859སྣེ་ལེན་བྱས་པ་དང་། བསྡོམས་པས་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར1.8689མངོན་འགྱུར་བྱུང་བ་དང་། དེ་མིན་ལྔ་གཅིག་སྐབས་སུ་ཁུལ་ཡོངས་སུ་བདེ་འཇགས་ཐད་ཀྱི་དོན་རྐྱེན་གཅིག་ཀྱང་བྱུང་མེད།།
རྩོམ་སྒྲིག་པ། ལྷ་ཁོ།
|