中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།"འཛིན་གསུམ་སྐུལ་གསུམ"གྱི་ཉིན་བརྒྱའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
དུས་ཚོད།2023-05-25 14:34:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
\

    ཟླ5བའི་ཚེས22ཉིན་ལ། ཀན་ལྷོ་ཁུལ་གྱི་རིམ་པ་སོ་སོའི་དམངས་ཆེན་འཐུས་མིས"འཛིན་གསུམ་སྐུལ་གསུམ"གྱི་བྱེད་སྒོའི་ཁྲོད"འགན་འཁྲི་འཁུར་ཕོད་པ་དང་ལས་ལ་བརྩོན་པ། སྤྱོད་བཟང་མངོན་པ"བཅས་ཀྱི་ཉིན་བརྒྱའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཚོགས་ཆེན་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་ཚོགས།

\

    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་བཀྲ་ཤིས་འཚོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
    
ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཀའོ་ཞའོ་ཏུང་གིས་ཚོགས་འདུའི་གཙོ་འགན་ཁུར།
    
ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཡན་ཆིང་དང་དབྱང་ཞུའེ་ཧྥིན། ཀྲང་ཀྲི་ཧུང་། ཅའོ་ཝེ་ཀྲུང་དང་དེ་མིན་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཞའོ་ཆིང་བཅས་ཚོགས་འདུར་ཞུགས།
    
འགོ་ཚུགས་ཚོགས་འདུའི་སྟེང་དུ "འཛིན་གསུམ་སྐུལ་གསུམ"གྱི་བྱེད་སྒོའི་ཁྲོད་རིམ་པ་སོ་སོའི་དམངས་ཆེན་འཐུས་མི་རྩ་འཛུགས་བྱས་ཏེ། "འགན་འཁྲི་འཁུར་ཕོད་པ་དང་། ལས་ལ་བརྩོན་པ། སྤྱོད་བཟང་མངོན་པ"བཅས་ཀྱི་ཉིན་བརྒྱའི་བྱེད་སྒོའི་ཇུས་གཞི་སྒྲོག་འདོན་བྱས། འབྲེལ་ཡོད་རྫོང་དང་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་དང་། ཤང་གྲོང་ཁ་ཤས་ཀྱི་དམངས་ཆེན་ཀྲུའུ་ཞི། ཁུལ་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་དམངས་ཆེན་འཐུས་མིས་གཏམ་བཤད།
    
བཀྲ་ཤིས་འཚོས་ཉེ་བའི་ལོ་ཤས་རིང་ལ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མི་དམངས་དམངས་གཙོའི་བརྒྱུད་རིམ་ཧྲིལ་བོ་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི་འཐུས་མིའི་བྱ་བ་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། རྒྱལ་ཡོངས་དམངས་ཆེན་དང་ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་པའི་ཁས་ལེན་དང་ཚད་མཐོའི་གདེང་འཇོག་ཐོབ།  ད་དུང་སྐྱེ་ཁམས་ལྗང་མདོག་གི"འཕེལ་རྒྱས་ཆེན་པོ"ལ་གཞོགས་འདེགས་བྱེད་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱི"མཐུན་སྒྲིལ་ཆེན་པོར"སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག"ལེགས་སྒྱུར་གཏོང་བར"བརྩོན་པ་བྱེད་པ། མཛེས་སྡུག་ལྡན་པའི་གྲོང་གསེབ"དར་རྒྱས་ཆེན་པོར"ཟབ་ཞུགས་བྱེད་པ། རིག་གནས་ཡུལ་སྐོར་ཐོན་ལས"མཆོང་སྐྱོད་ཆེན་པོ"ཡོང་བར་སྐུལ་འདེད་གཏོང་བ་དང་། འཐུས་མིའི་བྱ་བ"མཐོར་འདེགས་ཆེན་པོ"ཡོང་བར་བྱེད་པའི་གཙོ་གནད་ལས་འགན་དྲུག་པོ་དམ་འཛིན་དང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།།
རྩོམ་སྒྲིག་པ།  དབྱང་ལུང་ཅང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།