ཟླ5བའི་ཚེས22ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དུ་སོང་ནས་བྱ་བ་སྦྲེལ་མཐུད་བྱས། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པར་དམིགས་ནས། གླ་ཕོགས་མཐོ་རུ་གཏོང་བ་དང་ལས་ཞུགས་བརྟན་པོ་ཡོང་བ། དམངས་འཚོ་འགན་སྲུང་སོགས་ཀྱི་འབྲེལ་ཡོད་བྱ་བའི་ཐད་བཞུགས་མོལ་དང་བརྗེ་རེས་གཏིང་ཟབ་བྱས་ནས། ནུས་པ་ཡོད་རྒུས་སྲིད་ཇུས་དང་ལས་གཞི། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཐིང་ཀྲང་ཀྲོའུ་ལི་ཉིན་གྱིས་བཞུགས་མོལ་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཐིང་ཀྲང་གཞོན་པ་མཱ་ཡོའུ་ཞིན་དང་ཧོ་ཡོན་ཆིང་། ལི་ཧྥན། ད་དུང་འབྲེལ་ཡོད་ཚན་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལིའང་ཝེ་ཅི། ཁུལ་དཔོན་གཞོན་པ་དབྱང་ཀང་ལུང་གྲོས་ཚོགས་སུ་ཞུགས།

ཧོ་མོའུ་པའོ་ཡིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཡུན་རིང་བོར་ཀན་ལྷོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར། རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས“ལོ་ལྔའི་འཆར་གཞི་བཅུ་བཞི་བ”ནས་བཟུང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཀན་ལྷོའི་ལས་ཞུགས་ལས་གཏོད་དང་མི་དོན་འཇོན་ལྡན་པ། སྤྱི་ཚོགས་འགན་སྲུང་། ངལ་རྩོལ་འབྲེལ་བ་སོགས་ཀྱི་བྱ་བའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ་དང་། ཀན་ལྷོ་ཁུལ་གྱིས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་ཤེས་ལྡན་མི་སྣ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་བ་དང་། དམངས་འཚོར་རྒྱུན་མཐུད་ངང་འགན་ལེན་དང་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྲུང་སྐྱོང་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ནས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ལངས་གནས་གང་ལེགས་ཀྱིས་མཚོན་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཚོན་པ། བོད་འབྲེལ་ཁུལ་དང་རྫོང་གི་མི་རིགས་སོ་སོའི་མི་དམངས་བར་གྱི་བརྩེ་བ་ཟབ་མོ་མཚོན་ཡོད། ཉེ་བའི་ལོ་ཤས་རིང་ལ། ཀན་ལྷོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བྱ་བར་ཡར་རྒྱས་ངེས་ཅན་བྱུང་ཡོད་མོད། འོན་ཀྱང་རང་བྱུང་ཆ་རྐྱེན་ཞན་པ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་སོགས་ཕྱི་རོལ་ཡུལ་གྱི་ཚོད་འཛིན་ཐེབས་ནས། ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སྔར་བཞིན་དལ་བ་དང་། ལྷག་པར་དུ་ལས་བྱེད་ལས་བཟོ་བའི་འཚོ་བའི་མ་རྩ་མཐོ་བ་དང་། ས་མཐོའི་རང་བཞིན་གྱི་ནད་ཡམས་ཕོག་སླ་བ། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་ཉུང་བ་སོགས་ཀྱི་གནད་དོན་སྔར་བཞིན་ཐག་གཅོད་བྱེད་མ་ཐུབ་པས། དམངས་འཚོ་འགན་ལེན་གྱི་བྱ་བ་ཇེ་ལེགས་སུ་གཏོང་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྔར་བཞིན་ཀན་ལྷོར་སེམས་ཁུར་དང་ཀན་ལྷོར་རྒྱབ་སྐྱོར། ལྷག་པར་དུ་ལས་བྱེད་པའི་གླ་ཕོགས། ལས་གནས་བརྟན་པོ། གཞི་རྩའི་དམངས་འཚོ་འགན་ལེན་སོགས་ཀྱི་ཐད་མཛུབ་ཁྲིད་ཞིབ་ཚགས་དང་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཀན་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཞེས་བཤད།

ཀྲོའུ་ལི་ཉིན་གྱིས་ཀན་ལྷོ་ཁུལ་གྱི་དོན་དག་ཁག་ལ་རེ་རེ་བཞིན་ལན་བཏབ། མོས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ནུས་པ་ཡོད་རྒུས་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས། བྱ་བའི་ཆེད་དོན་འཛིན་གྲྭ་འཛུགས་པ་དང་། ཧུར་ཐག་གིས་རྒྱལ་ཁབ་ཀྱི་ཁ་གཏད་སྡེ་ཁག་ལ་འབྲེལ་ཡོད་དོན་དག་དང་འབྲེལ་མཐུད་བྱེད་པའི་སྙན་ཞུ་ཞུས་ནས། སྲིད་ཇུས་དོན་འཁྱོལ་གང་ཐུབ་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་ཀན་ལྷོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། ཀན་ལྷོ་ཁུལ་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། དམངས་འཚོའི་བྱ་བ་སོ་སོ་ལེགས་བཅོས་གཏོང་བར་འགན་སྲུང་བྱ་དགོས་པ་དང་། ཀན་ལྷོའི་ཁྱད་ཆོས་ལྡན་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བྱ་བའི་མངོན་རྟགས་སྔར་བས་མང་བོ་ཞིག་གསོ་སྤེལ་དང་གསར་བསྐྲུན་བྱ་དགོས་པའི་རེ་བ་བཏོན།།
རྩོམ་སྒྲིག་པ། དབྱང་ལུང་ཅང་།