中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཚན་ཆུང་གིས་གྲོས་ཚོགས་བསྡུས།
དུས་ཚོད།2023-05-25 18:08:38     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
\

    ཟླ5བའི་ཚེས24ཉིན་ལ།   ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གིས་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་གྲོས་ཚོགས་བསྡུས།   ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་བཀྲ་ཤིས་འཚོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།
    
ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་དབྱང་ཞུའེ་ཧྥུན་དང་ཀྲང་ཀྲི་ཧུང་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཞི་བར་གནང་བའི་གསུང་བཤད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུ་པེ་དང་ཧྲན་ཞི། ཧྲན་ཞིས་བཅས་སུ་རྟོག་ཞིབ་བྱེད་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན།  པེ་ཅིང་དང་ཐན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན།  བློ་མཐུན་ཧོ་ཁྲེང་ཧྲིན་གྱིས་སྐབས་དོན་ཚགས་པར་སྟེང་སྤེལ་བའི་མིང་འགོད་རྩོམ་ཡིག《སེམས་ཤུགས་གཅིག་སྒྲིལ་ངང་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ཀན་སུའུ་ལག་ལེན་ལ་སྐུལ་འདེད་གཏོང་བ》ཞེས་པ་སོགས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་གྲོས་ཚོགས་ཀྱི་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་གཏིང་ཟབ་བྱས།
\

    བཀྲ་ཤིས་འཚོ་ཡིས་ཁྲིམས་སྐྱོང་གི་ལམ་བུའི་སྟེང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་དམངས་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་དགོས་པ་དང་། དམངས་ཆེན་གྱི་འགན་ནུས་དང་ངེས་གནས་ལ་དམ་པོར་དམིགས་པ། དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། དམངས་ཆེན་གྱི་ལྟ་སྐུལ་བྱ་བའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་ནས། “སྲིད་གཞུང་གཅིག་དང་ཁྲིམས་ཁང་གཉིས”ཀྱིས་ཁྲིམས་ལྟར་སྲིད་འཛིན་དང་འདྲ་མཉམ་ཁྲིམས་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་ལ།     བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་སྤུས་ཚད་མཐོན་པོས་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བ་ལེགས་པོ་བསྒྲུབ་པ་གཉིས་ཟུང་འབྲེལ་བྱ་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ཚན་རིག་རང་བཞིན་དང་དངོས་ཕན་རང་བཞིན་མཐོར་འདེགས་སུ་གཏོང་དགོས་ལ། གནས་ཚུལ་གསལ་བོ་བྱེད་པ་དང་གནད་དོན་འཚོལ་བ།  སྤུས་ཚད་མཐོན་པོས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཤིག་གྲུབ་ཅིང་།  ཁུལ་ཨུའི་ཐབས་ཇུས་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱ་དགོས་ཞེས་ནན་གྱིས་བསྟན།
    
ཁུལ་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་ཀྲུའུ་རེན་ཨུ་ཡོན་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་སོའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན།   ཀྲུའུ་རེན་གཞོན་པ་སོགས་གྲོས་ཚོགས་སུ་ཞུགས།།
(བཀྲ་ཤིས་གཡང་མཚོ་ཡིས་བསྒྱུར།)
རྩོམ་སྒྲིག་པ།  དབྱང་ལུང་ཅང་།
 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།