中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ཡོན་ཀྲན་ཐེང་གིས་ཅོ་ནེ་རྫོང་དུ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ།
དུས་ཚོད།2023-05-25 18:11:25     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
\
\

    ཟླ5བའི་ཚེས23ཉིན་ནས་ཚེས24ཉིན་གྱི་བར་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི་ཡོན་ཀྲན་ཐེང་འཁོར་དང་བཅས་པས་ཅོ་ནེ་རྫོང་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རོགས་སྐྱོར་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ་མ་ཟད། ཅོ་ནེ་རྫོང་གི 2023 ལོའི་སྦྲེལ་མཐུད་རོགས་སྐྱོར་བྱ་བའི་སྐུལ་འདེད་གྲོས་ཚོགས་སུ་ཞུགས། ཅོ་ནེ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་པ་དང་སྡེ་ཁག་གི་འགན་མིས་རྟོག་ཞིབ་ལ་འགྲོ་རོགས་བྱས།

\

    ཡོན་ཀྲན་ཐེང་འཁོར་དང་བཅས་པ་སྔ་གཞུག་ཏུ་ཅོ་ནེ་རྫོང་མོག་རོ་ནག་པོའི་དཔེ་སྟོན་འདེབས་འཛུགས་རྟེན་གཞི་དང་དག་ཡིག་ཁོགA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་སོགས་སུ་སོང་ནས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་དང་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན།  གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས།

\

    ཡོན་ཀྲན་ཐེང་གིས་ཅོ་ནེ་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་བྱ་བའི་ཁྲོད་ཆབ་སྲིད་ཀྱི་མཐོ་ཚད་དང་བསམ་བློ་ཁ་གསལ་བ། སྤྱོད་སྟངས་ལེགས་པ། གྲུབ་འབྲས་ལེགས་པའི་སྒོས་རོང་འབྲོག་སྡེའི་བྱ་བ་དང་ཟུང་འབྲེལ་བྱས་ཡོད་ལ། ལྷག་པར་ཏུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད་གོམས་སྟབས་གསར་བ་སྤོས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་ཁག་ཐེག་བྱས་ཡོད་ཅེས་བསྟན།
    ཡོན་ཀྲན་ཐེང་གིས་རོགས་སྐྱོར་ལས་ཁུངས་སོ་སོས་གནད་འགག་བྱ་བར་དམིགས་ཏེ།“འཛིན་གསུམ་སྐུལ་གསུམ”དམ་འཛིན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་གསུམ་བྱ་བ་དང་གྲོང་གསེབ་དར་སྤེལ་བྱ་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་ཏེ། གཅིག་ཏུ་དབུལ་བོ་བསྐྱར་ལོག་མི་འབྱུང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་དགོས་ལ། གཉིས་སུ་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་བསྣབ་ནས“རོགས་སྐྱོར་མཉམ་ལས་དང་བརྩེ་བའི་ཀན་སུའུ” ཡི་འཛུགས་སྐྲུན་ལས་གྲྭ་ལེགས་པོར་སྤེལ་དགོས་པ་དང་། གསུམ་དུ་ཡོང་འབབ་འཕར་སྣོན་ལ་དམིགས་ནས་ཞིང་བའི་ལས་ཞུགས་ལས་གཏོད་དང་ཕྱུག་འགྱུར་ཐད་ཕན་འབྲས་དངོས་ཐོན་པ་བྱ་དགོས་ལ། བཞི་རུ་ཞིང་ཆེན་ཐད་གཏོགས་དང་ཀྲུང་དབྱང་གི་ཀན་སུའུ་ལ་རོགས་སྐྱོར་བྱེད་པའི་ཁོངས་མིའི་ལས་ཁུངས་ཀྱིས་བྱ་བའི་མཛུབ་སྟོན་འགན་འཁྲི་དོན་འཁྱོལ་བྱས་ཏེ། དུས་ལྟར་དུ་སྲིད་ཇུས་ལག་བསྟར་ཁྲོད་ཀྱི་དཀའ་གནད་སེལ་དགོས་ཞེས་བསྟན།
    
ཡོན་ཀྲན་ཐེང་འཁོར་དང་བཅས་པ་ད་དུང་མཁར་ཆེན་གྲོང་རྡལ་ཨ་མོང་ཚལ་སྡེ་བར་སོང་ནས“རོགས་སྐྱོར་མཉམ་ལས་དང་བརྩེ་བའི་ཀན་སུའུ”ཡི་རོགས་སྐྱོར་བྱ་ཡུལ་མཱ་གཅོད་པ་ཚང་ལ་འཚམས་འདྲི་བྱས་ཤིང་། ཁོ་དང་མཛའ་བརྩེའི་ངང་གླེང་མོལ་བྱས་ཏེ། ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བ་དང་ཁྱིམ་མིའི་ལུས་ཕུང་བདེ་ཐང་གི་གནས་ཚུལ། སྨན་བཅོས་འགན་ལེན་དང་སློབ་སྦྱོང་སློབ་གསོ། ཡོང་སྒོའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་མ་ཟད་འཚམས་འདྲིའི་དངུལ་དང་དངོས་པོའང་བྱིན། ཁོའི་ཚ་མོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་རྒྱུས་ལོན་བྱེད་སྐབས་སུ་སྤུས་ལེགས་ཀྱི་དཔེ་ཁུག་དང་དཔེ་ཆ་བྱིན་པ་མ་ཟད།  ཁོ་མོར་སློབ་ལ་བརྩོན་ཞིང་བདེ་ཐང་ངང་འཚར་ལོངས་བྱུང་ནས་མ་འོངས་པར་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་དགོས་པའི་སྐུལ་མ་བཏང་།

\\
\\

    ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་མི་གཙོ་བོ་དང་རྫོང་གི་འགོ་ཁྲིད་པ་རོན་མིན་ཞང་སོགས་དང་། དེ་མིན་ཤང་གྲོང་འགའ་ཤས་དང་རྫོང་ཐད་གཏོགས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།།
(རིན་ཆེན་འཚོ་ཡིས།)
རྩོམ་སྒྲིག་པ།  དབྱང་ལུང་ཅང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།