中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > བོད་ཁུལ་གསར་འགྱུར། >
༄༅།། དཀར་མཛེས་མཛེས་མའི་ལུང་དུ་མེ་ཏོག་བཞད་པའི་སྒང་རེད།
དུས་ཚོད།2021-04-07 19:26:21     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
\
\
\
\

    ཟླ 3པའི་ཚེས 29ཉིན་ལ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་དུ་ལྟ་སྐོར་གྱི་དུས་བཟང་ཤོར་མི་རུང་བའི་དཔྱིད་ཀྱི་དཔལ་ཡོན་བཞད་ཡོད།
རོང་བྲག་རྫོང་ལ“རྒྱལ་མོ་རྔུལ་ཆུའི་གྲོང་ཁྱེར་དང་བོ”དང“མཛེས་མའི་ལུང་པ”ཞེས་འབོད་སྲོལ་ཡོད། མིག་སྔར། རྫོང་ཁོངས་ཀྱི་ཡུལ་ཀུན་ཏུ་ལི་ཡི་མེ་ཏོག་རབ་ཏུ་བཞད་ཅིང་། མཁའ་དབུགས་ཁྲོད་མེ་ཏོག་གི་དྲི་ཞིམ་འཐུལ་ལ། མེ་ཏོག་གི་འདབ་མས་རི་ངོས་དང་ཆུ་རོང་ཀུན་བརྒྱན་ཞིང་རོང་བྲག་རྫོང་གི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྒྱ་རོང་བོད་མིའི་ཁང་བ་དང་བོད་སྡེའི་རྫོང་མཁར་དེ་བས་མཛེས་སྡུག་ལྡན།
རོང་བྲག་རྫོང་བརྒྱ་གཅིག་བོད་སྡེར་སླེབས་དུས། མིག་ལམ་དུ་མཐོང་བ་ནི་དུང་ལྟར་དཀར་བའི་ལི་ཡི་མེ་ཏོག་དང་། འཛུམ་མདངས་མེ་ཏོག་ལས་མཛེས་པའི་བོད་པའི་བུ་མོ་ཚོ་རེད། ཡུལ་སྐོར་བའི་སེམས་པར་བོད་སྡེའི་རང་བྱུང་མཛེས་ལྗོངས་དེ་ནི་མི་རྣམས་ཀྱི་ཡིད་ལ་སྨོན་པའི་སྙན་ངག་ཁྲོད་ཀྱི་ཡུལ་ཁམས་རེད་སྙམ་པའི་ཚོར་སྣང་ཟབ་མོ་སྐྱེ།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།