༄༅།།རྒྱལ་ཡོངས་སུ་2015ལོའི་རྟགས་སེར་རླངས་འཁོར་འདོར་བའི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ། - རྒྱལ་ནང་གསར་འགྱུར། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།།རྒྱལ་ཡོངས་སུ་2015ལོའི་རྟགས་སེར་རླངས་འཁོར་འདོར་བའི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ།
དུས་ཚོད།2015-12-11 11:34:25     རྩོམ་གྱི་ཡོང་ཁུངས།མི་དམངས་དྲ་བ། རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་བཀྲ་ཤིས་ཚེ་རིང་།    ཆུང་། | འབྲིང་། | ཆེ།

    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན་ཁོར་ཡུག་སྲུང་སྐྱོང་པུའུ་ནས་བརྡ་ཁྱབ་བཏང་བ་གཞིར་བཟུང་། ཟླ་11པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་2005ལོའི་ལོ་མཇུག་གོང་ཐོ་འགོད་བྱས་ནས་སྤྱོད་པའི་རྟགས་སེར་རླངས་འཁོར་ཁྲི་117.07དོར་བ་དེས་འདོར་བའི་ལས་འགན་གྱི་100.53%བཟུང་བ་དང་། རྒྱལ་ཡོངས་སུ་2015ལོའི་《སྲིད་གཞུང་ལས་དོན་སྙན་སྒྲོན་》ནང་གཏན་ལ་ཕབ་པའི་རྟགས་སེར་རླངས་འཁོར་འདོར་བའི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་པ་རེད།

     ཞིང་ཆེན་དབྱེ་ནས་བལྟས་ན། ཉིང་ཞ་དང་། ཨན་ཧུའེ། ཧུའུ་ནན། ཧུའུ་པེ། ཧྲན་ཤིས། ཀོང་ཤིས། ཀོང་ཏུང་། ཡུན་ནན། ཀན་སུའུ། ཁྲུང་ཆིང་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་10རུ་སྔ་སྣུར་དུ་གྲངས་འབོར་ལས་བརྒལ་བའི་ངང་རྟགས་སེར་རླངས་འཁོར་འདོར་བའི་ལས་འགན་ལེགས་གྲུབ་བྱུང་བ་དང་། ཐེན་ཅིན་དང་། བོད་ལྗོངས། མཚོ་སྔོན། ཀུའེ་ཀྲོའུ། ཅང་ཤིས། ཧྥུའུ་ཅན། པེ་ཅིང་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་བ། སི་ཁྲོན་དང་། ཀྲེ་ཅང་། ཤིན་ཅང་། ལིའོ་ཉིང་། ཅི་ལིན། ཧྲའན་ཤིས། ཧྲན་ཏུང་། ཧོ་ནན། ཧེ་ལུང་ཅང་། ནང་སོག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་10རུ་རྟགས་སེར་རླངས་འཁོར་འདོར་བའི་སྤྱིའི་ལས་འགན་གྱི་90%ཡན་ལེགས་གྲུབ་བྱུང་ཡོད་པ་རེད།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།