中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར་བཏོན་ནས་ལོ 10འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་ཚོགས་པ།
དུས་ཚོད།2019-08-08 09:20:52     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
  ཉེ་ཆར། བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར་བཏོན་ནས་ལོ 10འཁོར་བའི་བཞུགས་མོལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དུ་ཚོགས། “བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར་དེ་ངའི་རྒྱུན་གཏན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་སོང་། ཚགས་པར་དེ་ཉིན་ལྟར་ལྟ་ཀློག་བྱེད། རིམ་བཞིན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་ཏང་ཀྲུང་དབྱང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་སྦྲེལ་བའི་མྱོང་ཚོར་ཟབ་མོ་ཐོབ་ཀྱིན་འདུག”ཅེས་ཀློག་པ་པོའི་འཐུས་མི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོའི་ཟླ་བ་ཚེ་རིང་གིས་ཚོགས་འདུའི་ཐོག་བཤད། ངོ་སྤྲོད་བྱས་པར་ལྟར་ན། བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར་མིག་སྔར་ཉིན་རེར་འགྲེམས་སྤེལ་བྱེད་ཚད་ཁྲི 6.7ལྷག་ཙམ་ཟིན་ནས་རང་རྒྱལ་གྱི་འགྲེམས་སྤེལ་བྱེད་པ་མང་ཤོས་ཀྱི་བོད་ཡིག་ཚགས་པར་ཞིག་ཏུ་གྱུར་ཡོད།
    བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར 2009ལོའི་ཟླ 8ཚེས 1ཉིན་ནས་འདོན་འགོ་ཚུགས་ཤིང་། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་འགན་འཁུར་བ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་ཏེ་ཉིན་ལྟར་པར་ངོས་བཞི་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་འགྲེམས་སྤེལ་བྱེད་བཞིན་ཡོད། ལོ་བཅུ་ཡི་རིང་བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར་གྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་སྟོན་ཕྱོགས། རིན་ཐང་གཉེར་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་ནུས་ལྡན་དང་། ཏང་གི་རིགས་པའི་གཞུང་ལུགས་དང་དེ་བཞིན་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ནུས་ལྡན། རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དང་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་གསར་འགྱུར་གལ་ཆེན་འཕྲིན་སྤེལ་ནུས་ལྡན་བཅས་བྱས་ཏེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུར་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་པར་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།
    མི་དམངས་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན་དྲུང་ཆེན་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་འབྲེལ་ཡོད་ཚན་པའི་འགན་འཁུར་བས་ཀློག་པ་པོའི་འཐུས་མི་དང་མཉམ་དུ་བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར་བཏོན་ནས་ལོ 10འཁོར་བའི་བརྒྱུད་རིམ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ནས་ཚགས་པར་གཉེར་ཚུལ་ཕྱིར་དྲན་བྱས་ཤིང་། བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར་སྔར་བས་བཟང་བོ་གཉེར་རྒྱུ་དང་། ས་ཁོངས་དང་མི་ཚོགས། ནང་དོན་བཅས་ཀྱི་ཁྱབ་རྒྱ་ཆེ་རུ་ནུས་ལྡན་གཏོང་རྒྱུ། བརྒྱུད་སྤེལ་དང་ཁྲིད་སྟོན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་སྐོར་ལ་ཐུན་མོང་ཐོག་བགྲོ་གླེང་བྱས།།    (གསར་འགོད་པ་ས་སྐྱོང་གིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།