中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། ཞི་ཅིན་ཕིང་གིས་ཅང་སུའུ་ཡི་བྱ་བར་རྟོག་ཞིབ་མཛད་པ།
དུས་ཚོད།2020-11-18 15:13:51     རྩོམ་གྱི་ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།    ཆུང་། | འབྲིང་། | ཆེ།
    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་སུའུ་ཡི་བྱ་བར་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། འཕེལ་རྒྱས་གསར་བའི་དུས་རིམ་གྱི་ལས་འགན་གསར་བ་དང་བླང་བྱ་གསར་བ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་སྔར་ལས་མངོན་གསལ་ཆེ་བའི་གོ་གནས་སུ་འཇོག་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་གང་ལེགས་སྟོན་དགོས། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་ཐད་མིག་དཔེ་ཆེན་པོ་སྟོན་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གང་མགྱོགས་ཀྱིས་མངོན་འགྱུར་བྱེད་པའི་ཐད་ཀུན་གྱི་མདུན་གྲལ་དུ་བསྐྱོད་དགོས།
    ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལ་མ་དངུལ་གཏོང་བ་ནི་དོན་མེད་ངང་མ་དངུལ་གཏོང་བ་དང་ཕན་འབྲས་མེད་པ་ཞིག་མིན་པར། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན་གྱི་མ་དངུལ་གཏོང་བ་ཞིག་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་སྒྱུར་བཅས་བྱས་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བར་བྱས་ཏེ། སྐྱེ་ཁམས་ཀུན་གྱི་སྔོན་ལ་འགྲོ་བར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་བགྲོད་ལམ་གསར་བ་ཞིག་བསྐྲུན་དགོས་པ་མ་ཟད། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། གྲོང་ཁྱེར་ནི་དེང་རབས་ཅན་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ་མི་འབོར་འདུས་ཚད་ཆེ་ཤོས་དང་བཙོག་རྫས་ཕྱིར་འབུད་བྱེད་ཚད་མང་ཤོས་ཀྱི་འདུ་གནས་ཤིག་ཀྱང་ཡིན་པས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས། གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཅིས་ཀྱང་མངོན་གསལ་ཆེ་བའི་གོ་གནས་སུ་འཇོག་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་གྱི་ཐོན་སྐྱེད་བར་སྟོང་དང་འཚོ་བའི་བར་སྟོང་། སྐྱེ་ཁམས་བར་སྟོང་བཅས་ལ་འཆར་འགོད་ལུགས་མཐུན་བྱ་དགོས་ལ། གྲོང་ཁྱེར་གྱི་ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས་ལ། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་ཀྱང་ཇེ་མཐོར་གཏོང་དགོས། མིག་སྔའི་དུས་སྐབས་འདིར། ཕྱི་རྒྱལ་དུ་རིམས་ནད་སྔར་བཞིན་མཆེད་བཞིན་པའི་སྒང་ཡོད་པ་དང་། རང་རྒྱལ་གྱི་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་ཡང་བསྐྱར་འཕར་བ་འགོག་པའི་གནོན་ཤུགས་སྔར་བཞིན་ཆེ་བར་བརྟེན། ཚང་མས་ད་དུང་མུ་མཐུད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་རེ་བ་ཡོད་ཅིང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐབས་ལམ་ཁག་མུ་མཐུད་དོན་འཁྱོལ་བྱས་ཏེ་རིམས་ནད་ཡང་བསྐྱར་མི་འབྱུང་བའི་ཐད་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས།
    ཏིང་ཞུའེ་ཞང་དང་ལིའུ་ཧའོ། ཁྲིན་ཞི། ཧོ་ལི་ཧྥུན། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།