中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། ལི་ཁེ་ཆང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ།
དུས་ཚོད།2020-11-18 15:31:04     རྩོམ་གྱི་ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།    ཆུང་། | འབྲིང་། | ཆེ།
    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས 14ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་ལམ་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་བར་གྱི་འགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་སྟེང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུའི་འགོ་ཁྲིད་པ་དང་། དེ་བཞིན་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝུའེ་བཅས་ཞུགས་ཡོད་ཅིང་། ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ཡིས་ཚོགས་འདུར་གྱི་གཙོ་འགན་འཁུར།
    ལི་ཁེ་ཆང་གིས་བསྟན་དོན། ད་ལོའི་ཟླ 4པའི་ཚེས 10ཉིན་གྱི་ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་གསར་བར་འགོག་རྒོལ་བྱེད་པའི་འགོ་ཁྲིད་པའི་དམིགས་བསལ་ཚོགས་འདུ་ཚོགས་པའི་ཚུན་ལ། རྒྱལ་ཁབ་ཁག་གིས་རིམས་ནད་ཀྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ཡོད་པ་མ་ཟད། ཕན་ཚུན་ཚོང་རའི་སྒོ་འབྱེད་པ་དང་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་བ་བརྟན་པོ་ཡོང་བར་བྱས་ནས། ས་གནས་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དེའི་སྟེང་ནས། ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་ཐབས་ལམ་གཙོ་བོ་སྟེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་གྱིས་ནུས་པ་གལ་ཆེན་ཐོན་ཡོད།
    ལི་ཁེ་ཆང་གིས་མ་འོངས་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་ཐད་གཤམ་གྱི་གྲོས་འགོ་འགའ་བཏོན་ཡོད་དེ།  གཅིག་ནས་རིམས་ནད་འགོག་པའི་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ཏེ། སྤྱི་བའི་འཕྲོད་བསྟེན་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཨེ་ཤ་ཡ་ཤར་མའི་ས་ཁོངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་ས་ཁོངས་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ལམ་གེགས་མེད་དུ་བྱས་ནས། ཨེ་ཤེ་ཡ་ཤར་མའི་ཐོན་ལས་མ་ལག་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། བཞི་ནས་གཞི་གྲངས་དཔལ་འབྱོར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཨེ་ཤེ་ཡ་ཤར་མའི་གསར་གཏོད་བཙན་ས་བསྐྲུན་དགོས།
ཝང་དབྱི་ཐེངས་འདིའི་ཚོགས་འདུར་ཞུགས།། 
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།