中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་པ།
དུས་ཚོད།2020-11-18 15:39:17     རྩོམ་གྱི་ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།    ཆུང་། | འབྲིང་། | ཆེ།
    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་གསུམ་པ་ཉེ་སྔོན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ཀྱི་གཙོ་འགན་འཁུར། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིའི་ཐོབ་ཐང་བྱ་བ་བཟང་བོར་བསྒྲུབ་པ་དང་ཀྲུང་གོའི་གཏམ་རྒྱུད་བཟང་བོར་བཤད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་རྒྱུས་ལོན་ཟབ་མོ་བྱེད་ན། རང་རྒྱལ་གྱི་མིའི་ཐོབ་ཐང་བྱ་བའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་བྱེད་པ། ཀྲུང་གོའི་གཏམ་རྒྱུད་བཟང་བོར་བཤད་པའི་ཕྱོགས་ཀྱི་ཡུན་རིང་འཕེལ་རྒྱས་དང་མི་འདང་སར་ལྟ་སྟངས་ཡང་དག་འཛིན་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རང་རྒྱལ་མིའི་ཐོབ་ཐང་བྱ་བ་འཕེལ་རྒྱས་གྲུབ་འབྲས་ཐད་ཀྱི་ངོས་འཛིན་ཇེ་དྲག་ཏུ་གཏོང་དགོས།
    ཨུ་ཡོན་བཅུ་གཉིས་ཀྱིས་ཀྲུང་གོའི་མིའི་ཐོབ་ཐང་གཏམ་རྒྱུད་བཟང་བོར་བཤད་པའི་སྐད་ཆའི་མ་ལག་དང་ཐབས་ལམ་འདྲེན་བྱེད། ཐབས་ལམ། འགན་འཁྲི་གཙོ་གཞི་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཚང་མས། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ལ་ཉེ་བ་དང་། ནུབ་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་ལྟ་སྟངས་མི་བཟང་བ་བཟུང་ནས་ཀྲུང་གོར་བལྟ་བ་དང་། ཀྲུང་གོའི་མིའི་ཐོབ་ཐང་ཡར་ཐོན་གྱི་དོན་དངོས་ལ་ཁ་ཡ་མི་བྱེད་པར་ཀྲུང་གོའི་མིའི་ཐོབ་ཐང་གནས་བབ་ལ་དམའ་འབེབས་བྱེད་པ་ནི་འདྲ་མཉམ་མིན་ལ་མི་སེམས་དང་མི་མཐུན་པ་ཞིག་ཡིན་པའི་ཚུལ་བསྟན།
    ཨུ་ཡོན་ཚོས། རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་ནི་ཀྲུང་གོའི་གཏམ་རྒྱུད་བཤད་པའི་གཏིང་ཤུགས་ཆེས་ཆེན་པོ་ཡིན་པས། མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། མི་དམངས་གཙོར་འཛིན་པའི་མི་དབང་འདུ་ཤེས་ལག་བསྟར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མིའི་ཐོབ་ཐང་གཏམ་བརྗོད་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱིའི་བརྒྱུད་བསྒྲགས་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ། དྲིལ་བསྒྲགས་ཐབས་ལམ་ལ་གསར་གཏོད་བྱེད་པ། འདྲ་མཉམ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཀྲུང་གོ་དང་ཕྱི་ཕྱོགས་ཀྱི་མིའི་ཐོབ་ཐང་གླེང་མོལ་སྤེལ་ནས། སྲིད་གྲོས་ཨུ་ཡོན་གྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། རྒྱལ་སྤྱིའི་མིའི་ཐོབ་ཐང་བརྗེ་རེས་མཉམ་ལས་ཀྱི་གྲོགས་པོའི་ཚོགས་རྒྱ་སྐྱེད་རྒྱུའི་གྲོས་གཞི་བཏོན།
    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གིས་བརྗོད་དོན་གཏམ་བཤད་བྱས་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་འགན་ཁུར་མི་སྣས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ལ། འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཕྱི་འབྲེལ་པུའུ། རྒྱལ་ཁབ་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་བཅས་ཀྱིས་གྲོས་མོལ་བརྗེ་རེས་བྱས།།                 
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།