中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། ཧན་ཀྲིན་གྱིས་ཅང་ཞི་ཡི་བྱ་བར་རྟོག་ཞིབ་མཛད་པ།
དུས་ཚོད།2020-11-18 15:42:01     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཟླ11པའི་ཚེས12ཉིན་ནས་ཚེས13ཉིན་གྱི་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཅང་ཞི་ནན་ཁྲང་དང་ཅིའུ་ཅང་དུ་རྟོག་ཞིབ་མཛད་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
    ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གསར་གཏོད་ཀྱིས་རང་རྒྱལ་གྱིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ཟིན་པའི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་དང་འགག་རྩའི་ལག་རྩལ་གྱི་མཁྲེགས་གཏོར་ལས་ཀ་བཟང་བོར་བསྒྲུབ་དགོས། གསར་གཏོད་གྱི་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་བསྐྲུན་རྒྱུ་དང་། གསར་དར་ཐོན་ལས་ཀྱི་ཚད་གཞི་གཏན་འབེབས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། ལག་རྩལ་གསར་གཏོད་ཀྱི་སྟེགས་བུ་ཧུར་ཐག་སྒོས་བསྐྲུན་ནས་གསར་གཏོད་ཀྱི་གྲུབ་འབྲས་ཚོང་ར་ཅན་དུ་བཀོལ་སྤྱོད་ནུས་ལྡན་བྱ་དགོས།
    ཧན་ཀྲིན་གྱིས་ཅང་ཞི་ཡི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་སྐུལ་མ་བཏང་ནས་བསྟན་དོན། མཁའ་འགྲུལ་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་ལྟེ་གནས་གལ་ཆེན་ཧུར་ཐག་སྒོས་བསྐྲུན་ནས། མཁའ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།