中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།
དུས་ཚོད།2021-01-11 16:55:31     རྩོམ་གྱི་ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན།    ཆུང་། | འབྲིང་། | ཆེ།
    ཚེས 6ཉིན་ལ། རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ། ལོ་ལྔའི་འཆར་འགོད་ཨང་བཅུ་བཞི་པའི་འགོ་རྩོམ་བཟང་བོ་རྩོམ་པ་དང་རྒྱང་སྐྱོད་ཀྱི་ལམ་གསར་བ་བཏོད་པ་དཀྱིལ་སྙིང་དུ་འཛིན་པ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ། དྲིལ་བསྒྲགས་བསམ་བློ་བྱ་བ་རྨང་རྐང་བརྟན་པོའི་ངང་ནས་སྤེལ་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་འགོ་བཟང་བོ་རྩོམ་པར་གོམ་པ་བརྟན་པོ་སྤོ་བར་བསམ་བློའི་འགན་སྲུང་སྟོབས་ལྡན་ཞིག་དང་སྙིང་སྟོབས་ཀྱི་སྒུལ་ཤུགས་འཛད་མེད་ཅིག་འདོན་སྤྲོད་བྱ་དགོས།
    ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་བསམ་བློ་དྲིལ་བསྒྲགས་བྱ་བ་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དྲིལ་བསྒྲགས་མཐར་ཕྱིན་བྱ་རྒྱུ་ཆབ་སྲིད་འོས་འགན་གལ་ཆེན་ཏུ་བརྩི་དགོས་པ་དང་། གོ་བ་མཐིལ་ཕྱིན་ཡོང་བར་འབད་པ། ལས་བྱེད་མང་ཚོགས་ཀྱིས་སྲོག་ཤིང་ལ་གོང་བཀུར་དང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་དགོས། འཐབ་ཕྱོགས་སྟོབས་ཤུགས་ནུས་ལྡན་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སློབ་གསོ་རྩ་འཛུགས་གང་ལེགས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་འཆད་དེ། ཏང་གི་ལོ་བརྒྱའི་རྟེན་འབྲེལ་ཆེན་མོའི་རླབས་ཆེན་བྱ་བའི་ཟིན་ཐོར་འགོད་རྒྱུ་དང་དེའི་མཚར་སྡུག་འོད་སྟོང་གི་ཆ་རྫོགས་པར་སྟོན་དགོས། ལོ་ལྔའི་འཆར་འགོད་ཨང་བཅུ་བཞི་བའི་དུས་སྐབས་ཀྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ལ་འཆར་འགོད་བཟང་བོ་བཟོས་ཏེ། རྒྱལ་ཁབ་ཀྱི་རིག་གནས་འཛུགས་སྐྲུན་བྱ་བ་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་བསམ་བློ་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་བྱ་བར་ཤུགས་བསྣན་ནས། ལངས་ཕྱོགས་བརྟན་ལ་ཆབ་སྲིད་བརྩི་བ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་ཚོགས་འདུར་གཙོ་འགན་ཁུར་ཏེ་བྱ་བར་བཀོད་སྒྲིག་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་དྲིལ་བསྒྲགས་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློ་སྔོག་པ་དང་བླ་སྲོག་ལ་བཙོ་སྦྱངས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་སེམས་རྩ་ཇེ་བརྟན་དུ་གཏོང་བར་ཤུགས་སྣོན་པ། ཀྲུང་གོ་གུང་ཁྲན་ཏང་བཟང་བའི་དབྱངས་རྟ་མཐོན་པོར་སྒྲོག་པ། རྒྱང་སྐྱོད་ཀྱི་ལམ་གསར་བ་འགོ་རྩོམ་པ་དང་རྣམ་པ་གསར་བ་བཏོད་པའི་གདངས་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་བསྐྲུན་པའི་དམིགས་བྱ་གཙོ་བོར་སེམས་ཤུགས་གཏོད་པ། ཕྱི་ཕྱོགས་དྲིལ་བསྒྲགས་གི་བཅོས་སྒྱུར་གསར་གཏོད་བྱ་བའི་རང་རྟོགས་དམག་འཐབ་བཟང་བོར་རྒྱག་པ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་གཙོ་ཁྲིད་དབང་ཆ་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཁོར་ཡུག་བཟང་བོ་བསྐྲུན་པ།ལོ་རྒྱུས་མཛད་བཟང་གི་མཁའ་དབུགས་བཟང་བོ་བསྐྲུན་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་སྟོབས་ཤུགས་འཛད་མེད་བསྡུ་རུབ་བྱ་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་བསམ་བློ་དྲིལ་བསྒྲགས་དང་འབྲེལ་བའི་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་དྲག་ཏུ་བཏང་ནས། ཁག་འཁུར་གྱི་འདུ་ཤེས་ལྡན་ལ་གསར་གཏོད་གསར་སྐྲུན་བྱེད་ཕོད་པའི་དུས་རབས་ཀྱི་དམག་གསར་བ་གསར་འཛུགས་བྱ་དགོས།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།